ཧི་ནན་གྱི་ལོ་སར་དགོང་ཚོགས་ལས་མི་རིགས་མཐུན་སྒྲིལ་ཡར་བརྩོན་གྱི་རྣམ་པ་མངོན་ཡོད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ1ཚེས20ཉིན་གྱི་དགོང་མོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་སྦྱོང་བརྡར་ཁང་དུ་དྲོད་ཁོལ་ལྡན་ཞིང་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད།     ཧི་ནན་རྫོང་གི་རྩྭ་ཐང་གི་བུ་བུ་མོའི་སེམས་པ་ཏང་ལ་ཕྱོགས། ཁྱིམ་མཚེས་འཆམ་མཐུན་ངང་ནས་ལོ་གསར་རྟེན་འབྲེལ་ཞུ་ཞེས་པའི2026ལོའི་ལོ་གསར་སྤྲོ་ཚོགས་བསྡུ་བཞིན་ཡོད།    

དགོང་མོའི་དུས་ཚོད་བདུན་གྱི་སྟེང་སྤྲོ་སེམས་འཁོལ་བའི་རོལ་དབྱངས་དང་བསྡོངས་ཏེ།   ཧི་ནན་རྫོང་ཝུའུ་ལན་མུའུ་ཆི་སྒྱུ་རྩལ་ཚོགས་པས་འཁྱེར་ཡོང་བའི་འགོ་ཚུགས་ཞབས་བྲོ《དགའ་སྤྲོའི་ཡོ་ལང་རྒྱས་པའི་རྨ་ཁུག ཏང་ལ་ཕྱོགས་ནས་ལོ་སར་བསུ་བ》ཞེས་པས་ཚོགས་ར་ཡོངས་སུ་སྒུལ་ཏེ།     ཞབས་བྲོའི་སྟངས་སྟབས་ཁྲོད་ནས་རྩྭ་ཐང་གི་བུ་བུ་མོའི་ཉམས་འགྱུར་ཆེན་པོ་མངོན་ཡོད།     གར་སྟེགས་རྒྱབ་ལྗོངས་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་ཧི་ནན་རྫོང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་འཕེལ་རྒྱས་ཀྱི་གྲུབ་ཚུལ།     མང་ཚོགས་ཀྱི་འཛུམ་མདངས་བཅས་རེས་མོས་ངང་མངོན་ནས་གསོན་ཉམས་ལྡན་པའི་བདེ་སྐྱིད་ཀྱི་རི་མོ་ཞིག་བྲིས་ཡོད།    

དགོང་ཚོགས་ཀྱི་ལེ་ཚན་གྱ་ནོམ་པ་དང་བརྩེ་བ་རྣམ་དག་གིས་ཁེངས་ཡོད།     རྫོང་ལྟེ་གནས་བྱིས་སྐྱོང་ཁང་གི་བྱིས་པ་ཚོས་འཁྲབ་སྟོན་བྱས་པའི《རྩྭ་ཐང་བྱིས་པས་ལོ་སར་རོལ》ཞེས་པར་བྱིས་བློ་ཡལ་མེད་པ་དང་མ་འོངས་པར་རེ་བས་ཁེངས་ཡོད།     གླུ་གཞས《བྱམས་བརྩེ་ལྡན་པའི་ཨ་ཕ》དང《རྨ་ཁུག་རྟ》ཞེས་པས་བརྩེ་བ་ཟབ་མོས་ཕ་ཡུལ་དང་གཉེན་ཉེ་ལ་བཅངས་པའི་དུང་ཞེན་ཟབ་མོ་མངོན་ཡོད་པ་དང་།     ནང་སོག་ཞི་ཝུའུ་ཀྲུའུ་མུའུ་ཆིན་རྫོང་ནས་ཡོང་བའི་གླུ་བ་པའོ་དབྱིན་ན་པུའུ་ཆི་དང་ཀན་སུའུ་ཞིང་ཆེན་སུའུ་པེ་སོག་རིགས་རང་སྐྱོང་རྫོང་གི་གླུ་བ་པ་དབྱིན་པུའུ་ལེ་ཀོ་གཉིས་ཀྱིས་སོ་སོར་འཁྲབ་སྟོན་གྱ་ནོམ་པ་བྱས་ཤིང་།     ཁྱིམ་མཚེས་ས་ཁུལ་གྱི་མི་རིགས་ཀྱི་མཛའ་བརྩེ་ཟབ་མོ་མཚོན་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཆམ་མཐུན་གྱི་རོལ་དབྱངས་དཀྲོལ།    

དགོང་ཚོགས་མཇུག་ཏུ་འཁྲབ་སྟོན་པ་ཡོངས་ཀྱིས་ཐུན་མོང་ཐོག་ཞབས་བྲོ《མི་རིགས་སོ་སོས་བསྐྲུན་པའི་མཛེས་སྡུག་གི་ལེའུ》ཞེས་པ་ཕུལ་ཞིང་།     མི་རིགས་སོ་སོའི་རྒྱན་གོས་མཛེས་སྡུག་ལྡན་པ་དང་ཞབས་བྲོའི་ཉམས་འགྱུར་ལ་སྤྲོ་སེམས་འཁོལ་བས་མི་རིགས་སོ་སོའི་སྤུན་ཟླ་འཆམ་མཐུན་ཡོང་བ་དང་ཕན་ཚུན་རོགས་རེས་བྱེད་པ་མཚོན་ཏེ། ཡུལ་དངོས་ཀྱི་རྣམ་པར་འཁྲུག་ཆ་དོད་པར་བྱས།

ཡུལ་དངོས་ཀྱི་ལྟད་མོ་བ་རྡོ་རྗེ་རེན་ཆེན་གྱིས་བཤད་རྒྱུར་ང་རང་དགོང་ཚོགས་འདིར་ཧ་ཅང་དགའ་བ་དང་། སེམས་པ་དྲོད་ཀྱིས་ཁྱབ་ཅིང་སེམས་ཤུགས་ཆེ་རུ་ཕྱིན་ཟེར། ལས་བྱེད་པ་དང་ལས་བཟོ་བས་ཀྱང་གཅིག་རྗེས་གཉིས་མཐུད་ངང་དགོང་ཚོགས་ཐོག་གཅིག་ཏུ་སྒྲིལ་བའི་བསམ་པའི་སྟོབས་ཤུགས་དེ་དངོས་སྒྲུབ་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས། ལྷད་མེད་མཛེས་སྡུག་བདེ་སྐྱིད་བཅས་ལྡན་པའི་ཧི་ནན་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 

མཚོ་མོ་སྐྱིད་ཀྱིས་བསྒྱུར།