“རྨ་འབྲི་རྫ་གསུམ་འབྱུང་ཡུལ”གྱི་སྐྱེ་ཁམས་སྲུང་སྐྱོབ་བརྗོད་དོན་བྱས་པའི་བརྙན་འཕྲིན་ཟློས་གར《ཚེ་སྲོག་གི་ལྗོན་ཤིང》ཞེས་པ་ཟླ་འདིའི་ཟླ་མཇུག་ཏུ་ཀྲུང་དབྱང་བརྙན་འཕྲིན་ནས་ཐོག་མར་སྟོན་རྒྱུ་རེད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

ཟླ1ཚེས23ཉིན། 2026ལོའི་ཞིང་ཆེན་ཡོངས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་བྱ་བའི་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན།     མཚོ་སྔོན་གྱི་མཚོན་རྟགས་དོན་སྙིང་ལྡན་པའི“རྨ་འབྲི་རྫ་གསུམ་འབྱུང་ཡུལ”གྱི་སྐྱེ་ཁམས་སྲུང་སྐྱོབ་བརྗོད་དོན་བྱས་པའི་བརྙན་འཕྲིན་ཟློས་གར《ཚེ་སྲོག་གི་ལྗོན་ཤིང》ཞེས་པ་དེ་ཟླ1ཚེས30ཉིན་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བརྙན་འཕྲིན་ཟློས་གར་འཕྲིན་ལམ་བརྒྱད་པའི་དུས་མཚམས་ལེགས་ཤོས་སྐབས་དང་ཨའེ་ཆི་དབྱི་རུ་ཐོག་མར་སྟོན་རྒྱུ་རེད།   ཟླ2ཚེས9ཉིན་མཚོ་སྔོན་བརྙན་འཕྲིན་དང་ཨ་མདོ་བརྙན་འཕྲིན།   པེ་ཅིང་བརྙན་འཕྲིན་དང་ཤར་ཕྱོགས་བརྙན་འཕྲིན་སོགས་འཁོར་སྐར་འཕྲིན་ལམ་ཐོག་དུས་མཉམ་དུ་གཏོང་རྒྱུ་རེད།     དེ་དང་ཆབས་ཅིག་ལེའུ་བརྒྱད་ཅན་གྱི་དངོས་བཤུས་གློག་བརྙན《ཚེ་སྲོག་གི་ལྗོན་ཤིང》ཞེས་པ་ཟླ2ཚེས7ཉིན་ཀྲུང་དབྱང་བརྙན་འཕྲིན་གྱི་དངོས་བཤུས་གློག་བརྙན་འཕྲིན་ལམ་དང་ཨའེ་ཆི་དབྱི་ཐོག་དུས་མཉམ་དུ་གཏོང་རྒྱུ་རེད།    

བརྙན་འཕྲིན་ཟློས་གར《ཚེ་སྲོག་གི་ལྗོན་ཤིང》ཞེས་པས“བརྙན་འཕྲིན་ཟློས་གར་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པའི”འཐབ་ཇུས་ཀྱི་ཁྲིད་ཕྱོགས་ལ་དམ་པོར་དམིགས་ནས། གསར་རྩོམ་གྱི་ཐོག་མའི་དུས་དེར“བརྙན་འཕྲིན་ཟློས་གར་དང་རིག་གནས་ཡུལ་སྐོར”མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་མ་ལག་ལྡན་པའི་སྒོ་ནས་ཇུས་འགོད་བྱས།    བརྙན་ཕབ་བྱེད་རིང《བརྙན་འཕྲིན་ཟློས་གར་དང་མཉམ་སྐྱོད། གཅིག་ལན་མཉམ་འདེབས་ཏེ། <ཚེ་སྲོག་གི་ལྗོན་ཤིང>དང་མིང་མཚུངས་ཀྱི་དངོས་བཤུས་གློག་བརྙན》གསར་རྩོམ་བྱེད་འགོ་ཚུགས་པ་དང་།     ལས་གཞི་འདི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་གི2026ལོའི“གློག་བརྙན་གྲགས་ཅན་ལ་སྤྱི་ཁྱབ་ལས་ཁུངས་ནས་ལྟ”ཞེས་པའི་དངོས་བཤུས་གློག་བརྙན་གྱི་མིང་ཐོ་ཁྲོད་བདམས་པ་རེད།     དངོས་བཤུས་གློག་བརྙན་འདི་བརྙན་འཕྲིན་ཟློས་གར་གྱི“ལྟ་ཀློག་གཏིང་ཟབ་པར”ངོས་འཛིན་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟེ་བའི་གྲོས་བྱང་འདིར་དམིགས་ཏེ། རང་བྱུང་ཚན་རིག་ཁྱབ་གདལ་དང་མི་ཚུལ་ལོ་རྒྱུས།  མི་རིགས་དམངས་སྲོལ་སོགས་ཕྱོགས་མང་པོའི་ནང་དོན་ནུས་ལྡན་ངང་མཉམ་འདྲེས་བྱས་ཡོད།  “ཐུན་མོང་གི་བརྗོད་གཞི་དང་ཡུལ་ལྗོངས་བརྙན་ཕབ་གནས་ཀྱི་གཏམ་རྒྱུད།     འཁྲབ་སྟོན་པའི་ཉམས་ལེན”བཅས་ཀྱི་དོན་བརྗོད་ཁུངས་སྣེ་གསུམ་ལ་བརྟེན་ནས། དཔེ་མཚོན་རང་བྱུང་སྲུང་སྐྱོབ་ཁུལ་དང་།     ས་ཁམས་ས་བྱད་དང་རིག་གནས་ཀྱི་གནས་རྟགས་བཅས་བདམས་ནས་གཟུགས་བརྙན་གྱི་ལམ་ནས་མངོན་པ་དང་།     ཧྲིལ་ལྗོངས་རྣམ་པས་མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་ཁྱད་ཆོས་ཡོད་པ། རྒྱལ་སྤྱིའི་ཐོག་མཚོན་ཚུལ་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་ཞིག་མངོན་ཏེ།     མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་གྱ་ནོམ་པ་དང་འཛད་སྤྱོད་ཀྱི་ནུས་རིམ་སྤར་རྒྱུར་རོགས་རམ་ནུས་ལྡན་བྱས་ཡོད།  

​མཚོ་མོ་སྐྱིད་ཀྱིས་བསྒྱུར།