དབང་པོ་སྐྱོན་ཅན་ཁྱིམ་ཚང་ཆིག་ཁྲི་དྲུག་བརྒྱ་ལ་འགོག་རྐྱེན་མེད་པའི་བསྒྱུར་བཀོད་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ1ཚེས22ཉིན། གསར་འགོད་པས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་གྲུབ་འབྲས”ཀྱི་མུ་འབྲེལ་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པ་ལྟར་ན།     “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་མཚོ་སྔོན་གྱིས་རིམ་རྩིས་བྱས་ན་དཀའ་ངལ་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་ཁྱིམ་ཚང་ཆིག་ཁྲི་དྲུག་བརྒྱ་ལ་འགོག་རྐྱེན་མེད་པའི་བསྒྱུར་བཀོད་བྱས་པ་དང་། ཁྱིམ་ཚང7500བསྒྱུར་བཀོད་བྱེད་པའི་དམིགས་འབེན་གྱི141%ལེགས་འགྲུབ་བྱས་ནས་དབང་པོ་སྐྱོན་ཅན་གསང་སྤྱོད་དང་ཁྲུས་དཀའ་བ་སོགས་ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་ནས། ཁོ་ཚོའི་འཚོ་བའི་རང་ཚུགས་རང་བཞིན་དང་བདེ་འཇགས་རང་བཞིན་མངོན་གསལ་དོད་པོས་མཐོ་རུ་ཕྱིན།    

མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དཀའ་ངལ་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་ཁྱིམ་ཚང་ལ་འགོག་རྐྱེན་མེད་པའི་བསྒྱུར་བཀོད་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི》མཛུབ་སྟོན་དུ་བྱས་ཏེ།    བྱ་བ་འདི་དམངས་འཚོ་དོན་དངོས་ལས་གྲྭ་དང་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་དམིགས་ཚད་ནང་བསྟུད་མར་བཞག་ནས། ཀྲུང་དབྱང་རྒྱན་ཤོག་སྤྱི་ཕན་མ་དངུལ་དང་ཞིང་ཆེན་ནོར་སྲིད་ཀྱི་མ་དངུལ་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། ཁྱིམ་ཚང་རེར་ཆ་སྙོམས་སྒོར6000གི་ཚད་གཞི་ལྟར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།     དེ་དང་ཆབས་ཅིག་ས་གནས་ཁག་ལ་བསྔགས་སྐུལ་དང་རྒྱབ་སྐྱོར་བྱས་ཏེ་གྲོང་གསེབ་དར་སྤེལ་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར།     སྤྱི་ཚོགས་ཀྱིས་ཞལ་འདེབས་ཕུལ་བ་སོགས་ཐབས་ལམ་བརྒྱུད་དེ། མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་མ་དངུལ་མང་དུ་གཏོང་བ།     རིམ་རྩིས་བྱས་ཏེ་ཁ་གསབ་མ་དངུལ་སྒོར་བྱེ་བ་དྲུག་ས་ཡ་བཞི་དྲུག་འབུམ་བདུན་ཁྲི་དོན་འཁྱོལ་བྱས་ནས་བསྒྱུར་བཀོད་ཕན་འབྲས་འགན་ལེན་བྱས།    

“ཁྱིམ་ཚང་རེར་གྱོད་གཞི་གཅིག”རྒྱུན་འཁྱོངས་བྱས་ནས་གནད་འཁེལ་བསྒྱུར་བཀོད་བྱས།     བསྒྱུར་བཀོད་སྔོན་ལ་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ཁྱིམ་ཚང་རེར་སོང་ནས་རྐང་ལག་དང་མིག་ཤེས། རྣ་ཤེས་སོགས་དབང་པོ་སྐྱོན་ཅན་རིགས་མི་འདྲ་བའི་དམིགས་བསལ་དགོས་མཁོ་ལྟར། རིགས་ཆེན་པོ7གྱི་བསྒྱུར་བཀོད་ནང་དོན་ཁག37ལ་དམིགས་ནས་ཇུས་གཞི་འོས་ཤིང་འཚམ་པ་གཏན་འབེབས་བྱས།     རྐང་ལག་དབང་པོ་སྐྱོན་ཅན་ལ་དམིགས་ནས་གཙོ་བོ་གསང་སྤྱོད་དང་ཁྲུས་བྱེད་པ།     ཟ་མ་སྐོལ་བ།     ཕྱི་རོལ་དུ་འགྲོ་བ་སོགས་འགུལ་སྐྱོད་ཀྱི་དཀའ་གནད་ཐག་གཅོད་བྱས།     མིག་ཤེས་ཀྱི་དབང་པོ་སྐྱོན་ཅན་ལ་སྐད་བརྡའི་དྲན་སྐུལ་དང་ལག་སྐྱོར་སྒྲིག་སྦྱོར་བྱེད་པ་དང་འབྲེལ་ས་ངོས་ཀྱི་འགྱེལ་འགོག་ཐག་གཅོད་བྱས།     ཉན་ཤེས་ཀྱི་དབང་པོ་སྐྱོན་ཅན་ལ་འོད་འཚེར་གྱི་སྒོ་དྲིལ་སོགས་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་བསྒྱུར་བཀོད་ཞབས་ཞུ་དང་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས།    

“རེ་ཞུ་དང་ཚགས་བཤེར། ཇུས་འགོད།  ཨར་ལས།     ཞིབ་ལེན།    འཚམས་ལན་གནང་བ”ཞེས་པའི་བཀག་སྡོམ་བྱ་བའི་རྐྱེན་སྲོལ་བཙུགས་ནས་གཞི་རིམ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁྱིམ་ཚང་ལ་སོང་སྟེ་དཔྱད་འཇོག་བྱས་རྗེས། སྲིད་གཞུང་གི་ཉོ་སྒྲུབ་བརྒྱུད་དེ་ཆེད་ལས་ཨར་ལས་ལས་ཁུངས་གཏན་འཁེལ་བྱས་ནས། ཨར་ལས་བྱེད་པའི་ཁྲོད་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱས་ནས་རྒྱུ་ཆ་དང་ཨར་ལས་སྤུས་ཚད་ཚོད་འཛིན་ནན་མོ་བྱས།   བསྒྱུར་བཀོད་ལེགས་འགྲུབ་བྱས་རྗེས་ཆེད་མངགས་མི་སྣ་རྩ་འཛུགས་བྱས་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་ཡིད་ཚིམ་ཚད་འཇལ་བྱས་ཏེ།  “མི་རེར་ཡིག་ཚགས་རེ”ཡི་ཞབས་ཞུའི་རྩིས་ཐོ་བཙུགས་ནས་རྗེས་མཐུད་རྗེས་འདེད་ཞབས་ཞུ་ལེགས་པོར་བསྒྲུབས།  

མཚོ་མོ་སྐྱིད་ཀྱིས་བསྒྱུར།