མཚོ་སྔོན་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྣམ་པ་གསར་པ་བཏོད།    
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

འདས་སོང་ལ་ཕྱིར་དྲན་དང་མ་འོངས་པར་རྒྱང་ལྟ་བྱས་ན།  འོད་སྟོང་འཕྲོ་བའི་འབད་འཐབ་ཀྱི་འཐབ་ལམ་དང་ལོ་རྒྱུས་ཀྱི་གསོག་བཅུད་ཟབ་མོ་ནི་སྒྲོན་སྟེགས་མཐོན་པོ་ཞིག་དང་འདྲ་བར།     ང་ཚོར་ལོ་རྒྱུས་ཀྱི་ཡིད་ཆེས་བརྟན་པོ་བསྩལ་ཡོད་ལ།     དུས་རབས་ཀྱི་རླབས་རྒྱུན་ཁྲོད་དུ་མཚོ་སྔོན་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པར་ཁྲིད་སྟོན་བྱས་ཡོད།    

འདས་པའི་ལོ་གཅིག་གི་རིང་མཚོ་སྔོན་གྱིས་མངག་བཅོལ་བློ་ལ་བརྟན་པོར་ངེས་ནས་དྲིན་ཤེས་འབད་བརྩོན་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།     ཐོན་ལས“གནས་བཞི”འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བ་དང་ལྗང་མདོག་རྩིས་ཤུགས་ཀྱིས་གྲངས་འཛིན་དཔལ་འབྱོར་ལ་སྣེ་ཁྲིད་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་བྱེད་གསར་པར་གྱུར་ཡོད།     རིག་ནུས་བཟོ་སྐྲུན་ཐོན་ལས་དེ་ལག་རྩལ་གསར་སྒྱུར་ལ་བརྟེན་ནས་འབུར་དུ་ཐོན་ཡོད།     མཐོ་སྒང་གི་གྲང་བསིལ་སྔོ་ཚལ་དེས་མང་ཚོགས་ཀྱི“ཚལ་སླེ”ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མ་ཟད།     ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་ཡང་རྒྱ་ཆེར་ཕྱིན་ཡོད།     མར་གཏིང་ཆུ་གློག་ས་ཚིགས་བརྟན་པོའི་ངང་འཛུགས་སྐྲུན་བྱས་ནས་ས་ཁོངས་འཕེལ་རྒྱས་ལ་བརྟན་བརླིང་གི་དག་གཙང་ནུས་ཁུངས་བསྐྱལ་ཡོད།     སྐྱེ་ཁམས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པ་དང་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་བ།     སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་རྩ་ཆེའི་སྲོག་ཆགས་རིགས་སྐྱེ་འཕེལ་མང་པོ་བྱུང་ཡོད།     རིག་གནས་དར་རྒྱས་ཀྱི་མེ་ཏོག་རྣམ་པར་བཞད་པ་དང་།   ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དག་གིས་མཚོ་སྔོན་གྱི་དཔལ་འབྱོར་ལ་སྒུལ་ནུས་བསྩལ་ནས་འོད་སྟོང་བསྐྲུན་ཡོད།    

ལོ་གསར་པར།     མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མྱུར་མོར་འདྲེས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་བཅོས་བསྒྱུར་གྱི་རྣམ་པ་གསར་པ་འབྱེད་པ་དང་།     འཕེལ་རྒྱས་ཀྱི་འཐབ་ལམ་གསར་པར་བསྐྱོད་པ།     ལྗང་མདོག་དཔེ་རིས་གསར་པ་འགོད་པ།     དམངས་འཚོའི་དར་རྒྱས་རྣམ་པ་བསྐྲུན་པ།     མཁར་གྲོང་གི་ཉམས་འགྱུར་གསར་པ་མངོན་པ་བཅས་བྱ་རྒྱུ་ཡིན།     མཚོ་སྔོན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་མཉམ་སྤྱོད་བྱས་ཏེ་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་བྱ་རྒྱུ་ཡིན།    

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེ་བའི་འཐབ་ལམ་ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་བརྗིད་ཉམས་ལྡན་པའི་འཆར་འགོད་ཀྱིས་ང་ཚོ་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པར་སྐུལ་མ་གཏོང་བཞིན་ཡོད།     མཚོ་སྔོན་གྱི་མི་རིགས་ཁག་གི་བུ་བུ་མོ་ཚོས་ལག་གདང་སྦྲེལ་ནས་གསོན་ཤུགས་དང་རེ་བས་ཁེངས་པའི་ས་གཞི་འདིའི་སྟེང་། དུས་རབས་གསར་པའི་ཟིལ་རླབས་དགུང་འཕྱུར་གྱི་མཛེས་སྡུག་ལྡན་པའི་དཔེ་རིས་འབྲི་རྒྱུ་ཡིན། 

 མཚོ་མོ་སྐྱིད་ཀྱིས་བསྒྱུར།