
ཟླ12པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་བཀོད་སྒྲིག་དང་བླང་བྱ་ལྟར། སང་ལོའི་མགོ་རྩོམ་བྱ་བར་སྔོན་ལ་ཇུས་གཞི་བཟོ་བ་དང་། མགྱོགས་མྱུར་སྒོས་ལས་གཞིའི་དུས་མགོའི་གྲ་སྒྲིག་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། ལས་གཞི་ལས་མགོ་རྩོམ་པར་སྲ་བརྟན་གྱི་རྨང་གཞི་འདིང་བ་དང་། མི་འདང་ས་ཁ་སྐོང་དང་ཞན་ཆ་ཇེ་ལེགས་སུ་གཏོང་བ། ཁྱད་སྟོབས་སྲ་བརྟན་དུ་གཏོང་བ་བཅས་ལ་དམིགས་ཏེ། རྒྱུན་མཐུད་ངང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་འཕར་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཁོག་ལ་ཞབས་ཞུ་དང་དེའི་ཁྲོད་མཉམ་འདྲེས་བྱེད་པར་གཞོགས་འདེགས་བྱས།
ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་བའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བའི་སྟེང་། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགུལ་སྐྱོད་ཀྱི་ཕྱོགས་སྟོན་འདོན་སྤྲོད་བྱས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཐོག་མཐའ་བར་གསུམ་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ལོ་མཇུག་ལས་འགན་ཧུར་བརྩོན་བྱེད་པའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་པ་དང་། འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་དང་། སྐྱེལ་འདྲེན་གྱི་ཕྱོགས་བསྡུས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་ལས་འགན་གལ་ཆེན་ལ་དམིགས་ཏེ། ལས་གཞི་སོ་སོ་དོན་འཁྱོལ་ཡོང་བ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་། རང་འགུལ་གྱིས་གྲོང་གསེབ་དར་སྤེལ་དང་བདེ་འཇགས་འཛུགས་བསྐྲུན། མཚོ་སྔོན་གྱི་སྤུས་ཚད་སོགས་རྒྱལ་ཁབ་རིམ་པའི་དཔྱད་ཞིབ་ལས་འགན་ལ་སྦྲེལ་མཐུད་བྱས་ནས། ལོ་ཧྲིལ་བོའི་འགྲིམ་འགྲུལ་བྱ་བའི་བྱེ་བྲག་གི་གྲུབ་འབྲས་དེ། དཔྱད་ཞིབ་ཀྱི་དམིགས་ཚད་སོ་སོ་ཕྱོགས་ཡོངས་ནས་ཚད་གཞི་དང་མཐུན་ཅིང་གྲུབ་འབྲས་ཐོབ་པ་གཅིག་བསྡུས་ཀྱིས་མངོན་དགོས་པ་དང། དཀའ་གནད་སེལ་ཐབས་བྱས་ཏེ། ལག་ལེན་དངོས་ཀྱི་གྲུབ་འབྲས་ཀྱིས་འགྲིམ་འགྲུལ་གྱི་འགན་འཁྲི་མངོན་དགོས།
དེ་དང་མཉམ་དུ། མིག་སྔའི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ལས་འགན་གསར་བར་ངོས་འཛིན་གསལ་བོ་བྱེད་པ་དང་། བྲེལ་མྱུར་རང་བཞིན་དང་འགན་འཁྲིའི་རང་བཞིན་ཆེར་བསྐྱེད་བྱེད་པ། མགོ་བརྩམས་པ་ནས་ཧུར་བརྩོན་བྱེད་པ་དང་། མགོ་བརྩམས་པ་ནས་སྔོན་བརྩོན་བྱེད་པའི་སྟོབས་ཤུགས་ལ་བརྟེན་ནས། མགྱོགས་མྱུར་སྒོས་ལས་གཞིའི་དུས་མགོའི་གྲ་སྒྲིག་ལ་སྐུལ་འདེད་བཏང་སྟེ། ལས་གཞིའི་མགོ་རྩོམ་རྨང་གཞི་སྲ་བརྟན་དུ་བཏང་། ཚང་འཛོམས་གྲོས་ཚོགས་ཀྱི་ཡུན་རིང་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་གཞི་བཙུགས་ནས། རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་ཉར་ཏེ། མཚོ་སྔོན་གྱི་ཡུལ་བབ་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་ནས། ཕྱོགས་ཡོངས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་འཆར་འགོད་ཇུས་གཞི་བཟོས། ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་སྔོན་དཔག་ཇུས་འགོད། ཕྱོགས་ཡོངས་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་སྦྲེལ་འབྲེལ་མཐུད་དང་། གཞུང་ལམ་གྱི་དྲ་བའི་གྲུབ་ཚུལ་ལེགས་བསྒྱུར་དང་རིམ་འཕར་བྱེད་པ། ལྟེ་བའི་མ་ལག་གི་མཐུན་སྦྱོར་ལས་ཆོད་མཐོར་འདེགས་གཏོང་བ། རིག་ནུས་འགྲིམ་འགྲུལ་ཀྱི་གསར་གཏོད་ནུས་པ་འདོན་སྤྲོད་བྱེད་པ་སོགས་ལྟེ་བའི་ཁ་ཕྱོགས་ལ་དམིགས་ཏེ། འགྲིམ་འགྲུལ་གྱི་འཆར་འགོད་དང་རྒྱལ་ཁབ་ཀྱི་འཐབ་ཇུས། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཁོག་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད། པུའུ་ཨུ་དང་ཞིང་ཆེན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་ནས། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་གཙོ་གནད་འགྲིམ་འགྲུལ་ལས་གཞི་དེ་རྒྱལ་ཁབ་ཀྱི་འཆར་འགོད་ཆེན་པོའི་ཁྲོད་འཇུག་པར་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བྱས་ནས། འཆར་འགོད་ལ་མཚོན་པ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པ་དང་ཚན་རིག་རང་བཞིན་ལྡན་པ། སྔོན་དཔག་རང་བཞིན་ལྡན་པ། བཀོལ་སྤྱོད་རང་བཞིན་བཅས་ལྡན་པར་འགན་ལེན་བྱེད་དགོས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།