མཚོ་སྔོན་གྱིས་ལོ་མཇུག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སློབ་གསོའི་བྱ་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 3

ཟླ1པོའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གཞུང་ལས་ཁང་དང་། ཞིང་ཆེན་ཁྲིམས་འཛིན་ཐིང་གིས“མདུན་གྲལ་དམ་འཛིན་བྱས་ཏེ། མཇུག་གི་གནད་དོན་བཅོས་སྐྱོང་བྱེད་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། 《སྔར་ལས་ལྷག་པའི་སྒོ་ནས་ལོ་མཇུག་ཁྲིམས་ལུགས་ཁྱབ་བརྡལ་དྲིལ་བསྒྲགས་དང་སློབ་གསོའི་བྱ་བ་ལེགས་པོར་སྒྲུབ་པའི་བརྡ་སྦྱོར》ཞེས་པ་གཏན་འབེབས་བྱས་ཏེ་པར་འགྲེམ་བྱས་པ་དང་། མུ་མཐུད་དུ་ཆེད་དོན་ཁྲིམས་ལུགས་ཁྱབ་བརྡལ་གྱི་ཡུན་རིང་ལམས་ལུགས་འཐུས་ཚང་དུ་བཏང་སྟེ། ཆེད་དམིགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་དུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ་དང་།  གནད་འགག་གི་སྦྲེལ་ཚིགས་དང་། གནད་འགག་གི་ཁྱབ་ཁོངས། གནད་འགག་གི་མི་ཚོགས་བཅས་ལ་དམ་པོར་བལྟས་ནས། སྤྱི་དམངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་ཆེ་རུ་གཏོང་བ་དང་།  རྒྱུན་མཐུད་གྱིས་ལོ་མཇུག་གི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་དང་ཁྲིམས་སྐྱོང་འགོག་སྲུང་མཚམས་ཐིག་བརྟན་པོར་བཙུགས་ཡོད།

《བརྡ་སྦྱོར》ལས་བསྟན་དོན།  ལོ་གསར་གྱི་སྔ་རྗེས་ནི་མི་མང་བོ་རང་ཡུལ་དུ་ལོག་པའི་མཐོ་རླབས་ཀྱི་དུས་སྐབས་ཡིན་ལ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན།  ངལ་རྩོལ་གླ་ཕོགས་ཀྱི་རྩོད་གཞི། འཛད་སྤྱོད་ཁེ་དབང་སྲུང་སྐྱོབ་སོགས་གྱི་གནད་དོན་འབྱུང་སླ་བ་དང་བྱུང་མང་བའི་དུས་སྐབས་ཤིག་ཀྱང་ཡིན། ལོ་མཇུག་གི་ཁྲིམས་ལུགས་དྲིལ་བསྒྲགས་དང་ཁྱབ་བརྡལ་སློབ་གསོས“དམིགས་ཡུལ། ཁྱབ་ཁོངས། ནང་དོན།”བཅས་གཙོ་གནད་ཁག་གསུམ་ལ་དམིགས་ཏེ། རྒྱུན་མཐུད་ངང་སྤྱི་ཚོགས་ཧྲིལ་བོའི་རིགས་སོ་སོའི་ཚོགས་སྤྱི་ཡོངས་སུ་ཁེབས་པར་བྱས་ཏེ། གཙོ་བོ་གྲོང་གསེབ་སྡོད་དམངས་ཀྱི་ཚོགས་སྤྱི་དང་། རིགས་སོ་སོའི་ཚོང་ཁང་ཆུང་གྲས། ཁེ་ལས་གཉེར་སྐྱོང་དོ་དམ་པ། འཛུགས་སྐྲུན་ལས་ཡུལ། འགྲིམ་འགྲུལ་སྐྱེལ་འདྲེན། “གསར་བ་གསུམ”གྱི་ཞབས་ཞུའི་ལས་རིགས་སྒྲུབ་མཁན། ངལ་རྩོལ་པ་ཕྱིར་རང་ཡུལ་ལོག་པ་དང་ཞིང་བ་ལས་མི། ཆོས་ལུགས་ཀྱི་སློབ་སྟོན་མི་སྣ་དང་དད་ལྡན་མང་ཚོགས། སྤྱི་ཚོགས་ཡོ་བསྲང་དང་བདེ་འགོད་རོགས་ཁྲིད་སོགས་ཀྱི་ཚོགས་སྤྱི་ལ་དམིགས་ཡོད།

《བརྡ་སྦྱོར》ལས་ལོ་མཇུག་གི་ཁྲིམས་ལུགས་ཁྱབ་བརྡལ་དྲིལ་བསྒྲགས་དང་སློབ་གསོ་མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོ་དང་། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྒྱུན་མཐོང་ཁྲིམས་ལུགས་ཁྲིམས་སྲོལ་ཀྱི་ཤེས་ཚད། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་དང་ཉེན་ཁ་འགོག་སྲུང་གི་ནུས་པ་ཆེར་བསྐྱེད་བྱེད་པ་འགོ་རྩོམ་ས་བྱས་ཏེ། དམངས་འཚོའི་འགན་སྲུང་དང་སྤྱི་ཚོགས་ཀྱི་སྤྱི་བའི་བདེ་འཇགས། ནར་མ་སོན་པའི་མིའི་སྲུང་སྐྱོབ། མི་རིགས་ཆོས་ལུགས་ལས་དོན། དམིགས་གསལ་ཚོགས་སྤྱིའི་དོ་དམ་དང་ཞབས་ཞུ། འགལ་བ་དང་རྩོད་གཞི་འདུམ་འགྲིག་སོགས་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ། གཙོ་གནད་ཁག་ལ་གཅིག་བསྡུས་ཀྱིས་ཁྲིམས་ལུགས་ཁྱབ་བརྡལ་བྱེད་པ་དང་འཁོར་སྐྱོད་རྣམ་པའི་སློབ་གསོའི་སྒྲོག་བཤད་སྤེལ་བ། དྲ་ལམ་ནས་བརྒྱུད་བསྒྲགས་བྱེད་པ། ཁྲིམས་ལུགས་ཁྱིམ་ཚང་དུ་བསྐྱོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ལས་བྱེད་དང་མང་ཚོགས་ཀྱིས་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། དཀའ་ཁག་ལ་འཕྲད་ན་ཁྲིམས་ལུགས་འཚོལ་བ། ཁྲིམས་ལུགས་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པ། ཁྲིམས་ལུགས་ལ་བརྟེན་ནས་འགལ་བ་དང་རྩོད་གཞི་སེལ་བ་བཅས་ཀྱི་བསམ་བློའི་གོམས་གཤིས་དང་བྱ་སྤྱོད་ཀྱི་རང་རྟོགས་གྲུབ་པར་བྱེད་པ་གསལ་བོར་བསྟན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་མཇུག་གི་ཁྲིམས་ལུགས་ཁྱབ་བརྡལ་དྲིལ་བསྒྲགས་དང་སློབ་གསོའི་བྱ་བས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས་ལག་ལེན་དོན་འཁྱོལ་བྱེད་པ་དེ་གནད་དུ་བཟུང་ནས། “སུས་ཁྲིམས་ལག་བསྟར་བྱེད་ན་དེས་ཁྲིམས་ལུགས་ཁྱབ་བརྡལ་བྱེད་པའི”སྙིང་སྟོབས་ལྟར། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་ལམ་ལུགས་འཐུས་ཚང་དང་། ཁྲིམས་སྐྱོང་ཐོན་ཁུངས་ཕྱོགས་བསྡུས་བྱས་ཏེ། ལོ་མཇུག་གི་སྤྱི་ཚོགས་ཀྱི་དོ་སྣང་བྱེད་ཡུལ་དང་མང་ཚོགས་ཀྱི་ཁྱད་ཆོས་དང་དགོས་མཁོ་ལ་དམིགས་ནས། རྣམ་པ་མི་འདྲ་བའི་དྲིལ་བསྒྲགས་བྱེད་ཐབས་བཟོས་ཏེ། རིམ་པ་དགར་བ་དང་དབྱེ་བ་དགར་བ། ལས་རིགས་དགར་བ། རིགས་དགར་བ་བཅས་བྱས་ནས་དོན་འཁྱོལ་སྐུལ་འདེད་གཏོང་བ་དང་། དྲིལ་བསྒྲགས་དང་སློབ་གསོ། བདེ་འཇགས་བཅས་དམ་འཛིན་བྱས་ཏེ། སྤུས་ཚད་མཐོ་བའི་ཁྲིམས་ལུགས་ཁྱབ་བརྡལ་དྲིལ་བསྒྲགས་དང་སློབ་གསོ་ཡིས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་མགོ་ལེགས་པོར་རྩོམ་པར་སྲུང་སྐྱོབ་གང་ལེགས་བྱ་རྒྱུ་རེད། 

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།