2026ལོར་རྒྱལ་ཡོངས་ཀྱི“ལེ་ཧྥེང་ལ་སློབ་སྦྱོང་དང་དཔལ་ཡོན་ལག་ལེན་རང་ཉིད་ནས་འགུལ་སྐྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

​ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་རྗེས་དྲན་ཉིན་མོ་ཐེངས63པ་ཐོན་ལ་ཉེ་བའི་སྐབས་འདིར། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་སྒྲུབ་ཁང་དང་། ཀྲུང་དབྱང་སྤྱི་ཚོགས་བྱ་བའི་པུའུ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་རྩོམ་རིག་མཐུན་ཚོགས། ཀྲུང་གོ་ཚན་རིག་མཐུན་ཚོགས། སློབ་གསོ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི2026ལོའི་རྒྱལ་ཡོངས་ཀྱི“ལེ་ཧྥེང་ལ་སློབ་སྦྱོང་དང་དཔལ་ཡོན་ལག་ལེན་རང་ཉིད་ནས་འགུལ་སྐྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། ལིའོ་ཉིང་ཞིང་ཆེན་ཧྥུའུ་ཧྲོན་གྲོང་ཁྱེར་དུ་དངོས་སུ་འགོ་བརྩམས།

འགོ་རྩོམ་མཛད་སྒོའི་སྟེང་། རྒྱལ་ཡོངས་ཀྱི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་སྔོན་ཐོན་དཔེ་མཚོན་དང་དཔལ་ཡོན་ལག་ལེན་དང་བླངས་པ་ཚོས“གནས་ཚུལ་ཞིབ་བཤད་དང་། དུས་དང་བར་སྟོང་གི་གླེང་མོལ”གྱི་རྣམ་པའི་ཐོག་ནས། མི་རབས་ནས་མི་རབས་བར་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པར་བརྟེན་ནས་མང་ཚོགས་དང་ངོས་འཛིན་གཅིག་མཐུན་བྱུང་ཡོད། 《ལེ་ཧྥེང་བསྟོད་གླུ》དང《མིག་དཔེ།》《བདེ་སྐྱིད་ཁྱོད་ལ་སྟེར》སོགས་རིག་རྩལ་ལེ་ཚན་གྱིས་ལེ་ཧྥེང་སྙིང་སྟོབས་ཀྱི་དུས་རབས་དེའི་ནང་དོན་ལ་འགྲེལ་བཤད་ཟབ་མོ་བྱས་ཡོད། 《འོད་ཀྱི་ཕྱོགས་སུ་བསྐྱོད》ཅེས་པའི་བརྙན་ཐུང་རྒྱལ་ཡོངས་ཀྱིས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱ་བའི་གྲུབ་འབྲས་དང་ས་གནས་སོ་སོས་ཁྱད་ལྡན་བྱ་འགུལ་སྤེལ་བ་དང་། ལེ་ཧྥེང་ལ་སློབ་སྦྱོང་དང་བཟང་བཀུར་དགེ་ཕྱོགས། གདོང་ལེན་བརྩོན་པ་བཅས་ཀྱི་རྣམ་པ་ཟབ་མོ་བཏོད་ཡོད།

བྱེད་སྒོ་སྤེལ་བའི་ཉིན་དེར། ཧྥུའུ་ཧྲུན་གྲོང་ཁྱེར་གྱིས་ད་དུང་ལེ་ཧྥེང་སྡེ་ཁུལ་དང་། ལེ་ཧྥེང་མངག་གཏོང་ཁང་། ལེ་ཧྥེང་སློབ་ཆུང་སོགས་རྩ་འཛུགས་བྱས་ནས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔལ་ཡོན་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་།  ལེ་ཧྥེང་ཚབ་སྒྲུབ་ས་ཚིགས་དང་སློབ་ཆེན་སློབ་མའི་སྤྱི་ཚོགས་ལག་ལེན་སོགས་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་ཕུལ་བྱུང་རྣམ་གྲངས་འགྲེམ་སྟོན་བྱས་ལ། ཆེད་དོན་འགྲེམས་སྟོན་དང་རིག་རྩལ་འཁྲབ་སྟོན། དཔལ་ཡོན་ཁྲོམ་རའི་འདུ་ཚོགས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། མང་ཚོགས་མཉམ་འགུལ་བརྗེ་རེས་ནང་ཞུགས་པར་སྐུལ་ཁྲིད་བྱས་པས། གྲོང་མི་དང་ཡུལ་སྐོར་བས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ།

རྒྱུས་ལོན་པ་ལྟར་ན། “ལེ་ཧྥེང་ལ་སློབ་སྦྱོང་དང་དཔལ་ཡོན་ལག་ལེན་རང་ཉིད་ནས་འགུལ་སྐྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མུ་མཐུད་དུ་སྤེལ་རྒྱུ་རེད། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས། ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བརྗོད་བྱ་གཙོ་བོར་དམིགས་ཏེ། བདེ་ཐང་ནད་རྟགས་དང་བཅའ་ཁྲིམས་རོགས་སྐྱོར། སེམས་ཁམས་བློ་འདྲི། རིག་གནས་དམངས་ཕན།     ཚན་རིག་ཁྱབ་སྤེལ་དྲིལ་བསྒྲགས། བདེ་འཇགས་སློབ་གསོ་སོགས་དཔལ་ཡོན་ལག་ལེན་ཞབས་ཞུའི་བྱེད་སྒོ་རྩ་འཛུགས་བྱས་ནས། རྒྱ་ཆེའི་མང་ཚོགས་དཔལ་ཡོན་ལག་ལེན་ནང་ཧུར་ཐག་གིས་ཞུགས་པ་དང་གཅེས་སེམས་ཀྱི་སྟོབས་ཤུགས་ཕུལ་ནས། ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔལ་ཡོན་ལག་ལེན་བྱེད་སྒོ་སྤྱི་ཚོགས་ཡོངས་སུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ། མི་ཚང་མ་ཟབ་ཞུགས་བྱེད་པ་དང་།  མི་ཚང་མར་བྱས་རྗེས་ཡོད་པ། མི་ཚང་མས་མཉམ་སྤྱོད་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་བྱས། 

ཤ་བོ་རིན་མཚོས་བསྒྱུར།