མཚོ་སྔོན་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས“1236”གི་ཨར་ལས་དཔེ་རིས་གཏན་འཁེལ་བྱས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་གྲོགས་དན་བྱས།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ལུགས་རྙིང་ལོ་སར་ཚེས་མ་ཐག་ཏུ། མཚོ་སྔོན་གྱི་ཁྲོམ་ར་ལྟ་སྐུལ་དོ་དམ་ཁོངས་གཏོགས་ཀྱིས“1236”ལས་དོན་གྱི་ཨར་ལས་དཔེ་རིས་གཏན་འཁེལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུ་བར་དམ་པོར་འབྲེལ་ཏེ། བདེ་འཇགས་ཀྱི་ཚད་མཐའ་དང་འཕེལ་རྒྱས་ཀྱི་མཐོ་ཚད་བརྟན་སྲུང་བྱས་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་སྤུས་ཚད་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་བྱ་སྤྱོད་ཆེན་པོ་གསུམ་ལག་བསྟར་བྱས་ནས། གཙོ་གནད་བཟོ་སྐྲུན་ཁག་དྲུག་དམ་འཛིན་ནན་མོ་བྱས་ཏེ། བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་དང་གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་རྒྱུ་རེད།

སྲོག་ཤིང་གཅིག་གཏན་འཁེལ་བྱས་ནས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས།  གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས་མཚོ་སྔོན་གྱིས་དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་དང་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་ལ་ཤུགས་བསྣན་ཏེ། “ནང་སྒྲིལ་རྣམ་པའི”འགྲན་རྩོད་བཅོས་སྒྲིག་དང་།  “མཐོ་གནོན”གྱི་བྱ་སྤྱོད་སྤེལ་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ། ཁེ་ལས་ཀྱི་སྤུས་ཚད་དང་། ལས་སྟེགས་དཔལ་འབྱོར་གྱི་དྲུག་ཅན་གཅིག་གི་འབྲེལ་ཐག་ཧྲིལ་བོའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ་དང་། ཐད་གཏོང་གློག་རྡུལ་ཚོང་དོན་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་གྱི་ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

སྟོབས་ལྡན་ཞིང་ཆེན“གཉིས”ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི “སྟོབས་ལྡན་ཞིང་ཆེན་ཆེན་པོ་གཉིས”འཛུགས་སྐྲུན་ཐད། མཚོ་སྔོན་གྱིས་སྤུས་ཚད་ཀྱི་སྟོབས་ལྡན་ཞིང་ཆེན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “སྟོབས་ལྡན་གསུམ་དང་རྨང་གཞི་གཅིག”གི་བཟོ་བཀོད་ལག་བསྟར་བྱས་ཏེ། སྤུས་ཚད་ཀྱི་ཚད་ལྡན་ཁེ་ལས་དང་སྦྲེལ་ཐག་སྟོབས་ཆེའི་ལས་གཞི་སྐྱེད་སྲིང་བྱས་པ། ས་མཐོའི་སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་ཆས་བསྐྲུན་པ། ཚད་ལྡན་དང་ཚད་ལེན། དཔང་རྟགས། ཞིབ་བཤེར་ཞིབ་དཔྱད་ཚད་ལེན་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས། ཤེས་བྱའི་ཐོན་དབང་གི་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་ལྟེ་གནས་བསྐྲུན་པ། གསར་གཏོད་དང་བེད་སྤྱོད། སྲུང་སྐྱོབ། ཞབས་ཞུ་བཅས་ཀྱི་འབྲེལ་ཐག་ཧྲིལ་པོ་ཇེ་ལེགས་སུ་གཏོང་བ། ཁེ་བེད་བདག་ཐོབ་སྤོ་སྒྱུར་དང་དངུལ་རྩའི་ནུས་པ་སྤྲོད་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་གསར་གཏོད་ཀྱི་འདེགས་སྐྱོར་བརྟན་པོ་བསྐྲུན་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།