
གསར་འགོད་པས་ཚོང་དོན་པུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ལ། འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེའི་སྲིད་ཇུས་གསར་པ་ཏན་ཏིག་སྒོས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་པ་དང་། མིག་སྔའི་བར། རིམ་རྩིས་བྱས་ན་འབྲེལ་ཡོད་ཚོང་ཟོག་བྱེ་བ་བཞི་དང་ས་ཡ་བདུན་དྲུག་འབུམ་ཉིས་ཁྲི་སུམ་སྟོང་ཕྱིར་འཚོང་བྱས་པ་དང་། དུས་མཉམ་ལས15.3%འཕར་ཏེ། ཕྱིར་འཚོང་བྱེད་ཚད་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་གཉིས་ཐེར་འབུམ་གསུམ་དུང་ཕྱུར་གཉིས་བྱེ་བ་དྲུག་ལ་སྐུལ་ཁྲིད་བྱས་པས། དུས་མཉམ་ལས3.2%འཕར།