བསམ་བློའི་གཞི་རྩ་ཇེ་བརྟན་དུ་བཏང་ནས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བརྩོན་ལེན་བྱེད་དགོས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། སྡེ་ཁག་སོ་སོས་སློབ་བཤེར་སྒྱུར་གསུམ་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ལ། བློ་སྒྲིལ་སེམས་སྐྱེད་དང་དང་ཟབ་སྦྱོང་ཞིབ་རྟོགས་བྱེད་པ། སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱེད་པ་བཅས་ཀྱི་སྒོ་ནས་འགན་འཁྲི་གཙོ་བོར་དམིགས་པ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་།

ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་པུའུ་རིམ་པའི་ལས་ཁུངས་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་དངོས་སུ་ཤུགས་བསྣན་པ་དང་། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སློབ་སྦྱོང་དང་ཞིབ་བསྡུར་གཏིང་ཟབ་བྱས་ཤིང་། ཁྱོན་ཡོངས་ནས་ཞིབ་བཤེར་གསལ་སྟོན་དང་དག་ཐེར་ཡོ་བསྲང་དམ་འཛིན་ནན་པོ་བྱས་ལ། ཟུང་འབྲེལ་དམ་འཛིན་ལ་གཙིགས་ཆེན་བྱས་ནས། སློབ་བཤེར་སྒྱུར་གསུམ་གྱི་ལས་འགན་ཁག་ཏན་ཏིག་དང་གནད་ཁེལ་གྱིས་བསྒྲུབས་ཏེ། སློབ་སྦྱོང་སློབ་གསོའི་ཐད་ནས་ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱས།

ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ལས་བྱེད་ཅུས་གཉིས་པའི་ཅུས་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ཝང་ཡན་ཁུན་གྱིས་བཤད་རྒྱུར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་འགན་འཁྲི་ཉིས་བརྩེགས་ནན་ཏན་ངང་བསྒྲུབས་པ་དང་དམིགས་ཚད་ཀྱི་འདུ་ཤེས་ལེགས་བསྒྱུར་བྱས་ནས་སློབ་བཤེར་སྒྱུར་གསུམ་ལ་སྐུལ་འདེད་བཏང་། རང་རྟོགས་སྒོས“སྲུང་སྐྱོང་གཉིས”ཀྱི་གདོང་ལེན་པ་ཡག་པོ་བྱེད་པ་དང་རྩ་འཛུགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བར་སྐུལ་འདེད་གཏོང་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཏེ་མཁས་འཇོན་བསྐོ་བཞག་དང་རྨང་ལེགས་གཞི་བརྟན། འཇོན་མི་གསོ་སྐྱོང་སོགས་ཀྱི་ལས་དོན་སོ་སོའི་ཁྲོད། “ལོ་ལྔའི་འཆར་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་པར་རྩ་འཛུགས་ཀྱི་ཁག་ཐེག་བརྟན་པོ་འདོན་སྤྲོད་བྱས།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཏེ།“སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དངོས་སྒྲུབ་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱ་ལྟར། སློབ་སྦྱོང་ཞིབ་གྲོས་དང་གནད་དོན་འཚོལ་ཞིབ། དག་ཐེར་ཡོ་བསྲང་། སྒྲིག་སྲོལ་ལམ་ལུགས་འཛུགས་པ། སྒོ་འབྱེད་སློབ་གསོ་བཅས་ཕྱོགས་ལྔའི་ཐད་ནས་ལས་འགན་ཁག15ཞིབ་ཚགས་སུ་བཏང་སྟེ་ཕན་འབྲས་དངོས་ཐོབ་པར་བརྩོན་ལེན་བྱས།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ལས་ཁུངས་ཏང་ཨུའི་ཉིན་རྒྱུན་ལས་དོན་ལ་གཙོ་འགན་འཁུར་བའི་ཧྲུའུ་ཅི་གཞོན་པ། སྐོར་ཞིབ་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཀྲང་ཅི་ཆིང་གིས་བཤད་རྒྱུར།  ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་ནན་གྱིས་གཅིག་གྱུར་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུ་དང་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་རྒྱུ་དེ་གོ་གནས་གཙོ་བོར་འཇོག་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ཤེས་རྟོགས་བྱེད་དགོས་ཤིང་། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་འདུ་ཤེས་འཛིན་ཤུགས་སྔར་བས་ཇེ་ལེགས་སུ་གཏོང་དགོས། རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲིད་འབྲས་ལྟ་བའི་ནོར་འཁྲུལ་གྱི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་གསལ་སྟོན་དང་གསལ་ཐོ་བཟོ་བ། སློབ་སྦྱོང་དང་ཞིབ་བཤེར་བྱེད་ཞོར་ལེགས་བཅོས་བཅས་བྱེད་དགོས།

སློབ་གསོ་པུའུ་ཡིས་ཐད་གཏོགས་མ་ལག་ཏུ་སློབ་སྦྱོང་སློབ་གསོ་སྤེལ་བའི་བྱ་བའི་འཆར་གཞི་བཟོས་ཏེ། སློབ་སྦྱོང་གཏིང་ཟབ་དང་ཞིབ་བཤེར་ངོ་མ། ལེགས་བཅོས་ངོ་མ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཤིང་། སློབ་སྦྱོང་སློབ་གསོ་དེ་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་གང་མགྱོགས་སྒོས་འཛུགས་སྐྲུན་བྱེད་པའི་འགན་འཁྲིའི་ལས་འགན་དང་སྦྲེལ་མཐུད་བྱེད་པར་གཙིགས་ཆེན་བྱས་ནས། སྲིད་འབྲས་ལྟ་བའི་ནོར་འཁྲུལ་སྔོན་འགོག་དང་ཡོ་བསྲང་ནུས་ལྡན་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་པའི་འཐབ་ལམ་གསར་པའི་སྟེང་འགན་འཁྲི་ཆེན་པོ་འཁུར་དགོས་པར་སྐུལ་མ་བཏང་།

 སློབ་གསོ་པུའུ་ཡི་ཐད་གཏོགས་ལས་ཁུངས་ཏང་ཨུའི་ཉིན་རྒྱུན་ལས་དོན་ལ་གཙོ་འགན་འཁུར་བའི་ཧྲུའུ་ཅི་གཞོན་པ་ལུའེ་ཅེ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་དུ་བསྟར་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་གསོའི་ཆབ་སྲིད་ཀྱི་ངོ་བོ་དང་མི་དམངས་ཀྱི་ངོ་བོ། འཐབ་ཇུས་ཀྱི་ངོ་བོ་བཅས་དམ་འཛིན་ལེགས་པོ་བྱེད་དགོས་པ་དང་། སློབ་སྦྱོང་སློབ་གསོ་དང་སློབ་གསོའི་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱ་རྒྱུ་བཅས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འདོན་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བརྩོན་ལེན་བྱེད་དགོས།

དམངས་སྲིད་པུའུ་ཡིས་གཅིག་སྡུད་བཅོས་སྒྲིག་གི་ལས་འགན་ལ་དམིགས་ནས། ལོ་འཁོར་གྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་གྱིས་གཞི་རིམ་གྱི་ལས་གནས་དང་པོ་དང་དམངས་སྲིད་ཞབས་ཞུ་བྱ་ཡུལ། སྤྱི་ཚོགས་རྩ་འཛུགས་སོགས་སུ་ཟབ་ཞུགས་བྱས་ཤིང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན་ནས་གནད་དོན་གྱི་གསལ་ཐོ་དང་གཅིག་བསྡུས་བཅོས་སྒྲིག་གི་གསལ་ཁྲ་བཟོས་པ་དང་། འགན་འཁྲིའི་དོན་འཁྱོལ་བྱ་བ་ཞིབ་ཕྲར་བཏང་ནས་གནད་ཁེལ་དག་ཐེར་དང་དག་ཐེར་ནན་མོ་བྱས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་རྒྱུར་ཤུགས་བསྣན་པ་དང་། ལེགས་བསྒྱུར་དང་རྩ་ལག་མཉམ་བཅོས་ཟབ་སྤེལ་བྱས་ཤིང་། སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་སྟེ་དམངས་སྲིད་ཁྱབ་ཁོངས་ཀྱི་ཁྲིམས་སྲོལ་དང་ལམ་ལུགས་གལ་ཆེན་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་།

དམངས་སྲིད་པུའུ་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། མི་དོན་སིའི་སི་ཀྲང་གཞོན་པ་ཏུའུ་ཏུང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལན་ཏུ་བསྟར་རྒྱུའི་སྐོར་གྱི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་ཕབ་གཉིས”མཐའ་གཅིག་ཏུ་གོང་བཀུར། “སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱེད་དགོས། དམངས་སྲིད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མང་ཚོགས་ཀྱི་དཀའ་ཁག་ལ་དོ་ཁུར་བྱེད་པ་དང་། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་དམངས་སྲིད་ཁྱབ་ཁོངས་ཀྱི་རྒན་གསོའི་ཞབས་ཞུ་དང་སྤྱི་ཚོགས་རོགས་སྐྱོབ་སོགས་ཆེད་དོན་བཅོས་སྒྲིག་ལྔ་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་སློབ་གསོའི་ཁྲོད་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཏིང་ཟབ་ངང་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་གནད་དོན་གྱི་ཁྲིད་ཕྱོགས་དང་ལག་ལེན་གྱི་་ཁྲིད་ཕྱོགས་ཇེ་དྲག་ཏུ་གཏོང་བར་དོ་སྣང་དང་། ལྟ་ཞིབ་ཀྱི་ཧེ་བག་དང་མི་འདང་སར་གཞིགས་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྦག་བཙོག་འགོག་བཅོས་ཡག་པོ་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་སོགས་ཕྱོགས7གྱི་གཙོ་གནད་ལས་འགན་ལ་དམིགས་ཏེ། སྦག་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་སོགས་བྱེ་བྲག་གི་བྱ་བ21ལ་ཁ་གཏད་ཡག་པོ་འཇལ་ནས། མི་དམངས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་སྒུག སེམས་ཁྲལ་བཅས་ལ་རྒྱུན་ཆད་མེད་པར་དོ་སྣང་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་པུའུ་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཁུངས་སྒྲིག་ཨུའི་ཧྲུའུ་ཅི་ལི་ཧུང་པིན་གྱིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་ཏུ་བསྟར་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ཁོར་ཡུག་གནད་དོན་གྱི་གསལ་ཐོ་དེ་ང་ཚོའི་འགན་སྒྲུབ་འགན་འཁྲིའི་གསལ་ཐོར་བརྩིས་ནས། གནམ་སྔོ་ཞིང་ཆུ་དྭངས་ལ་ས་གཙང་བའི་སྲུང་སྐྱོང་བྱ་བ་ལེགས་པོར་སྒྲུབ་པ་དང་། སྲ་གཟུགས་སྙིགས་རོ་དང་སྦག་བཙོག་དངོས་པོ་གསར་པ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་ནས་ལེགས་བཅོས་དང་རྩ་བའི་ཆ་ནས་ལེགས་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ།  ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ལེན་རྒྱུ་ཡིན།