
ཉེ་ལམ། ཞིང་ཆེན་ཡོངས་ཀྱི་ནགས་རྩའི་མ་ལག་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ཐད་ཀྱི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས་ཏེ་དུར་མཆོད་དུས་ཆེན་སྐབས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བར་དམིགས་ནས་རང་ཞིང་གིས་མེ་ཁུངས་ཀྱི་དོ་དམ་དང་སྐོར་སྲུང་སྐོར་ཞིབ། མངོན་མེད་རྐྱེན་ངན་ཞིབ་བཤེར། དྲིལ་སྒྲོག་སློབ་གསོ་བཅས་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་པ་དང་། མེ་འགོག་བྱེད་ཐབས་བདུན་དོན་འཁྱོལ་ནན་མོ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེད་འགོག་ཐད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བཟང་བོ་བྱས།
དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་སྐབས་ནི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བའི་གནད་འགག་གི་དུས་སྐབས་ཡིན་པས། རང་ཞིང་གིས་རིམ་པ་སོ་སོའི་འགན་འཁྲི་ཇེ་ཞིབ་ཏུ་བཏང་སྟེ་ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔའི་མེ་འགོག་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་པ་དང་། འགན་ཁུར་བློ་མཐུན་གཙོ་བོས་དངོས་སུ་བཀོད་སྒྲིག་དང་དངོས་སུ་སྐུལ་སྒྲུབ། དངོས་སུ་ཞིབ་བཤེར་བཅས་བྱས་ལ། ཁག་བགོས་འགོ་ཁྲིད་པ་ལས་ཡུལ་དང་པོར་སོང་ནས་དངོས་སུ་བཀོད་འདོམས་སོགས་བྱས་པར་མ་ཟད། སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཇེ་ཞིབ་ཏུ་བཏང་ཞིང་། ལས་གནས་གཏན་འཁེལ་དང་ལས་མི་གཏན་འཁེལ། འགན་འཁྲི་གཏན་འཁེལ། ཁུལ་ཁོངས་གཏན་འཁེལ་བཅས་བྱས་ཏེ་མེ་སྐྱོན་སྔོན་འགོག་ཚོད་འཛིན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། སྐོར་ཞིབ་སྐོར་སྲུང་ལ་ཤུགས་བསྣན་ནས་ནགས་རྩྭའི་ལས་བྱེད་པ་དང་ནགས་སྲུང་པ། ཞང་དང་གྲོང་རྡལ་གྱི་ལས་བྱེད་པ། སྡེ་བ་རིམ་པའི་སྔོན་འགོག་ཚོད་འཛིན་སྟོབས་ཤུགས་བཅས་མི་སྣ་ཡོངས་ལས་གནས་སུ་ཞུགས་པ་དང་གོ་རིམ་ཧྲིལ་བོར་ལས་གནས་སྟེང་ཡོད་པར་ཁག་ཐེག་བྱས་པ་དང་། སྐོར་ཞིབ་ཐེངས་གྲངས་ཇེ་མང་དུ་གཏོང་བ་དང་སྐོར་ཞིབ་དུས་ཚོད་ཇེ་རིང་དུ་གཏོང་བ། སྐོར་ཞིབ་ཁྱབ་ཁོངས་རྒྱ་བསྐྱེད་པ་བཅས་བྱས་ཏེ་ནངས་དགོང་གི་གཅིག་བསྡུས་དྭངས་གསལ་དུས་ཚིགས་སྐབས་གཙོར་བཟུང་ནས་ཁུལ་ཁོངས་ཡོངས་ཀྱི་མེ་འགོག་བྱ་བ་བཟང་བོར་བསྒྲུབས།
གྲོང་རྡལ་དང་སྡེ་བའི་མཐའ་འཁོར་དང་གནམ་གྲུ་ཐང་གི་མཐའ་འཁོར། རྒྱལ་དབང་ནགས་ཁུལ། རྫོང་དང་ཞང་གི་འབྲེལ་མཚམས་སོགས་ཁུལ་ཁོངས་གཙོ་བོ་རུ་མངོན་མེད་རྐྱེན་ངན་གྱི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ། དག་ཐེར་བཅོས་སྐྱོང་གི་གསལ་ཐོ་བཅས་བཙུགས་པ་དང་། ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་བཅོས་སྐྱོང་བྱས་ཏེ་ཞིབ་བཤེར་ཁྲོད་རྙེད་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་མགྱོགས་མྱུར་སྒོས་དག་ཐེར་བཅོས་སྐྱོང་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གཅིག་ཀྱང་མེད་པར་བྱས། དེའི་རྨང་གཞིའི་སྟེང་། ལས་རེས་ལས་སྲུང་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་དུས་ཚོད་ཉེར་བཞིའི་ལས་རེས་དང་འགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་ལག་བསྟར་ནན་མོ་བྱས། གྲོང་ཁྱེར་དང་རྫོང་། ཞང་དང་གྲོང་རྡལ། སྡེ་བ་བཅས་བར་གྱི་མཉམ་འགོག་མཉམ་འཛིན་ལ་ཤུགས་བསྣན་ནས་ཆ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་སྐོར་སྲུང་། མཐུན་སྦྱོར་ཐག་གཅོད། མཐའ་མཚམས་མཉམ་དུ་དོ་དམ་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། འབྲེལ་མཚམས་ས་ཁུལ་སོགས་སུ་གཙོ་གཞིའི་འགན་འཁྲི་གཏན་འཁེལ་གསལ་བོ་དང་སྐོར་སྲུང་སྟོབས་ཤུགས་གཅིག་བསྡུས་བྱས་པར་མ་ཟད། མེ་སྐྱོན་མཉམ་དུ་ཐག་གཅོད་བྱས་ཏེ་མེ་འགོག་བྱ་བར་ནོར་འཛོལ་གཅིག་ཀྱང་མི་འབྱུང་བར་ཁག་ཐེག་བྱས། དེ་མིན། འཕྲལ་བསྟུན་གྲ་སྒྲིག་ལ་ཤུགས་བསྣན་ནས་མེ་གསོད་རུ་ཁག་དང་མེ་གསོད་སྒྲིག་ཆས། འཕྲིན་གཏོང་འགན་སྲུང་སོགས་འཕྲལ་བསྟུན་གྲ་སྒྲིག་བྱ་བ་ཕྱོགས་ཡོངས་ནས་བཟང་བོར་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བཟང་བོ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།