
ཞིང་ཆེན་ཏང་ཨུའི་ཐག་གཅོད་ལྟར། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་གསུམ་གྱིས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་ཁུལ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། ཞིང་ཆེན་ཞིང་སྡེའི་ཡིད་རྟོན་དངུལ་ཁང་། གཏེར་ལེན་ཁ་གྲོང་ཁྱེར་དང་ཐུན་རིན་གྲོང་ཁྱེར་སོགས་ས་ཁུལ་དང་ལས་ཁུངས་བརྒྱད་དུ་སློབ་སྦྱོང་སློབ་གསོའི་མཛུབ་ཁྲིད་དང་ལྟ་སྐུལ་བྱ་བ་སྤེལ་རྒྱུ་རེད།
ཤ་བོ་གསེར་མཚོས་བསྒྱུར།