ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྐོར་ཐེངས་དྲུག་པའི་མཚོ་སྔོན་རོགས་སྐྱོར་ཚོགས་པས་འབེན་དམིགས་ཤུགས་རྒྱག་ཐད་རྣམ་པ་གསར་བ་བཏོད།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

​ཉེ་ལམ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྐོར་ཐེངས་དྲུག་པའི་མཚོ་སྔོན་རོགས་སྐྱོར་ཚོགས་ཁག་གིས་ལོ་འདིའི་དམིགས་ཡུལ་གཏན་འཁེལ་བྱས་ནས་གཅིག་འདོམས་ཀྱིས་2026ལོའི་མཚོ་སྔོན་རོགས་སྐྱོར་གྱི་བྱ་བའི་གཙོ་གནད་བཀོད་སྒྲིག་དང་། མཚོ་སྔོན་གྱི་རོགས་སྐྱོར་ལས་བྱེད་ཤེས་ལྡན་མི་སྣ་ཡོངས་ལ་སྐུལ་འདེད་བཏང་ནས་བསམ་པའི་འཆར་འགོད་དང་ལག་ལེན་གཅིག་གྱུར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐག་གཅོད་དང་བྱ་བའི་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་དགོས་པ་མ་ཟད། བྱ་བའི་གཙོ་འགན་གནད་དུ་བཟུང་ནས་དེར་ཤུགས་སྣོན་བྱས།

ཐེངས་དྲུག་པའི་མཚོ་སྔོན་རོགས་སྐྱོར་ཚོགས་ཁག་གི་ཆེས་ཐོག་མའི་འཐུས་ཚང་གི་བྱ་བ་ཡོངས་འགྲུབ་ཀྱི་ལོ་ཡིན་པའི་ཆ་ནས། བྱ་བའི་ལྟེ་བ་གཙོ་གནད་དུ་བཟུང་ཞིང་། ཞིང་ཆེན་ཁག་དང་། གྲོང་ཁྱེར་སོ་སོའི་བཀོད་འདོམས་པུའུ་དང་།  ལས་དོན་ཚོགས་ཁག  ཞིང་ཆེན་ཐད་གཏོགས་དོ་དམ་ཚོགས་ཁག་བཅས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་ནས་གཅིག་འདོམས་བཀོད་སྒྲིག་གིས་ལོ་ཧྲིལ་བོའི་བྱ་བའི་འཆར་འགོད་ལ་གྲོས་གཞི་བཏོན་པ་དང་། བྱ་བ་སོ་སོ་ཚད་མཐོན་པོའི་ངང་སྤེལ་བར་སྐུལ་འདེད་བྱས་ནས་མགོ་བཟང་བོ་ཞིག་རྩོམ་དགོས། མཚོ་སྔོན་རོགས་སྐྱོར་གྱི་ལས་བྱེད་མི་སྣ་སོ་སོས་“དྲིན་ཤེས་པ། བརྩེ་སེམས་ཡོད་པ། ལག་ལེན་དངོས”ཀྱི་བྱ་བའི་འདུ་ཤེས་བཟུང་ནས། ལྷག་བསམ་རྣམ་དག་གིས་མཐོ་སྒང་ལ་ཞབས་འདེགས་ཞུ་དགོས། དེར་མ་ཟད། དངོས་ཐོག་བདེན་འཚོལ་གྱི་ཞབས་ཞུའི་འཕེལ་རྒྱས་ནི་མདུན་སྐྱོད་ཀྱི་ཚད་གཞི་རུ་བཟུང་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཚད་མཐོའི་ངང་འཕེལ་རྒྱས་འགྲོ་བར་བློ་གྲོས་ཀྱི་སྟོབས་ཤུགས་བསྩལ་ཡོད།  དེ་དང་ཆབས་ཅིག  སྲིད་སྐྱོང་བྱས་རྗེས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་གསོ་བཟུང་ནས། ངེས་པར་དུ་ཡོ་ཁྱད་བཅོས་སྐྱོང་དང་། ཕྱི་ཚུལ་རིང་ལུགས་གཏན་འགོག་བཅས་བྱས་ནས་སློབ་སྦྱོང་གི་ཕན་འབྲས་ནི་མཚོ་སྔོན་རོགས་སྐྱོར་བྱ་བའི་སྤུས་ཚད་མཐོ་བོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་དགོས།

མཚོ་སྔོན་གྱི་རོགས་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་བཤད་རྒྱུར། རང་ཉིད་ཀྱི་བྱ་བའི་མ་ལག་དང་འབྲེལ་ནས་ཞིབ་ཏུ་རྟོག་དཔྱོད་ཞིབ་འཇུག་བྱས་པ་དང་། བསམ་འཆར་དང་གྲོས་གཞི་བཏོན་ནས། རྣམ་པ་གསར་བ་ཞིག་གི་ངོས་ནས་ལས་འགན་སོ་སོར་ཧུར་ཐག་འབད་བརྩོན་དང་། དུས་རྒྱུན་གྱི་བྱ་བའི་ཁྲོད་ནན་ཏན་སྒོས་“མི་རུང་བ་ལྔ་དང་མི་དགོས་པ་ལྔ”བརྩི་སྲུང་བྱས་ནས། རང་འགུལ་གྱིས་ལྟ་སྐུལ་དང་ཚོད་འཛིན་དང་ལེན་བྱེད་པ་དང་། སྤྱོད་གཙང་རང་གཅུན་ལ་དམ་དུ་སྦྲེལ་ནས། “ཧུར་བརྩོན་གྱིས་རྒྱུག་པ་དང་། འགྲན་རྩོད་ལ་རྒྱལ་ཁ་ལེན་པའི”ཆོད་སེམས་འཛིན་པ།  མུ་མཐུད་དུ་ཧུར་བརྩོན་དང་། དངོས་འཛིན་དངོས་སྒྲུབ། བྱ་བ་སོ་སོ་ཞིབ་ཚགས་དང་། གནད་འཁེལ་དུ་བཟུང་ནས་རོགས་སྐྱོར་དངོས་ཕན་གྱིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བོའི་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས་ཟེར།

དངོས་སྦྱོང་སློབ་མ་ཀླུ་རྒྱལ་དོན་འགྲུབ་ཀྱིས་བསྒྱུར།