
ཉེ་ལམ། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་བྱང་ཁུལ་གྱིས་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང7253.33གྱི་ལྗང་བསྒྱུར་འོས་འགན་ཡོངས་འགྲུབ་བྱེད་རྩིས་ཡོད་པ་དང་། དེར་ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་དྲུག་ཁྲི་གཉིས་བཏང་ཡོད་ཅིང་། འོས་འགན་སྡོང་འཛུགས་སྤྱི་ཆིང131.27དང་། སྡོང་རྐང་འབུམ་གཉིས་དང་ཁྲི་ལྔ་སྟོང་དགུ་ཉིས་བརྒྱ་ཡན་འཛུགས་རྩིས་ཡོད།
དེའི་ནང་མོན་ཡོན་ཧོས་རིགས་རང་སྐྱོང་རྫོང་གིས་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང་253.33ལྗང་བསྒྱུར་བྱེད་རྩིས་ཡོད་པ་དང་། མདོ་ལ་རྫོང་གིས་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང2073.33ལྗང་བསྒྱུར་བྱེད་རྩིས་ཡོད་ཅིང་། རྐང་ཚ་རྫོང་གིས་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང2180ལྗང་བསྒྱུར་བྱེད་རྩིས་ཡོད། མདའ་བཞི་རྫོང་གིས་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང2746.67ལྗང་བསྒྱུར་བྱེད་རྩིས་ཡོད། མཚོ་བྱང་ཁུལ་གྱིས“བྱང་གསུམ”བཟོ་སྐྲུན་དོན་འཁྱོལ་ཡོང་བར་སྐུལ་འདེད་ནན་མོ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ལྗང་མདོག་ཁྱིམ་གཞིས་གསར་འཛུགས་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུ་རེད། རྒྱལ་ཁབ་ས་ཆ་ལྗང་བསྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་མཐར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་བར་མཐོངས་དྲ་རྒྱ་བསྐྲུན་ཏེ། མི་སྡོད་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས། ནགས་ཚལ་དང་རྩྭ་ཐང་གི་སྔོ་ཁེབས་ཀྱི་ཚད་དང་སྤུས་ཚད་མངོན་གསལ་སྒོས་ཇེ་མཐོར་འགྲོ་ངེས་ཡིན་པ་དང་། ཆུ་ཁུངས་གསོ་སྐྱོང་དང་ས་ཆུ་སྲུང་འཛིན་གྱི་ནུས་པ་མངོན་གསལ་སྒོས་ཇེ་མཐོར་འགྲོ་ངེས་ཡིན་པ་ལས་གཞན། སྐྱེ་ཁམས་ཀྱི་སྤུས་ཚད་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་ངེས་ཡིན་པར་མ་ཟད། སྐྱེ་ཁམས་མ་ལག་གི་བརྟན་བརླིང་རང་བཞིན་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚད་ཀྱང་མངོན་གསལ་སྒོས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་ངེས་ཡིན།
བན་དེ་སྐྱབས་ཀྱིས་བསྒྱུར།