ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་ཐོན་ལས་ཀྱི་ཕྱོགས་བསྡུས་ཐོན་ཐང་སྒོར་ཐེར་ཆེན་ལྔ་ཟིན་ནས་མི་བཞི་འབུམ་བརྒྱད་ཁྲི་ཡི་ལས་ཞུགས་འབབ་འཕར་སྐུལ་ཁྲིད་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ4པའི་ཚེས17ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་བསྡུས་པའི “སྐྱེ་ཁམས་སྔོན་འགྲོ་རྒྱུན་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ”ཞེས་པའི་བརྗོད་དོན་གཙོ་བོའི་མུ་འབྲེལ་སྒྲོག་སྤེལ་ཚོགས་འདུའི་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཆེད་དོན་ཚོགས་འདུའི་སྟེང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའུ་ཁོངས་མི། ཅུས་ཀྲང་གཞོན་པ་ཧན་ཆང་གིས་མཚམས་སྦྱོར་བྱས་པ་ལྟར་ན།     2025ལོའི་བར་ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་ཐོན་ལས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་ཐེར་ཆེན་ལྔ་དུང་ཕྱུར་གཉིས་ཟིན་ནས་མི་བཞི་འབུམ་བརྒྱད་ཁྲི་ཡི་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས།

ཉེ་བའི་ལོ་ཤས་རིང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་འདེགས་དང་ལས་དར།     དམངས་ཕན་བཅས་ཀྱི་གཙོ་རྒོལ་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། ནགས་རྩྭ་ཐོན་ལས་ཀྱི་གཞི་ཁྱོན་དང་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། ཕན་འབྲས་རྒྱུན་ཆད་མེད་པར་མངོན་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ།     རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།     ཐོན་ལས་གཞི་ཁྱོན་ཐད་ཞིང་ཆེན་ཡོངས་ཀྱི་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་འཛུགས་པ་རྒྱ་ཁྱོན་མུའུ་ལྔ་འབུམ་བདུན་ཁྲི་དྲུག་སྟོང་བརྒྱད་བརྒྱ་ཟིན་པ་དང་། ནགས་ཚལ་གྱི་ཟས་རིགས་ལོ་རེའི་ཐོན་ཚད་ཏུན་སུམ་ཁྲི་ཉིས་སྟོང་ཟིན་པའི་ནང་། གླ་ཚེར་འདེབས་འཛུགས་རྒྱ་ཁྱོན་མུའུ་བཞི་འབུམ་ཆིག་ཁྲི་བཞི་སྟོང་སུམ་བརྒྱ་ཟིན་པ་དང་ཐོན་ཚད་ཏུན་ཉིས་སྟོང་ཞེ་གཉིས་ཟིན།     ཤིང་ཏོག་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་བརྒྱད་ཁྲི་བརྒྱད་སྟོང་དགུ་བརྒྱ་ཟིན་པ་དང་ཐོན་ཚད་ཏུན་ཉིས་ཁྲི་ལྔ་སྟོང་ལྔ་བརྒྱ་བདུན་ཅུ་ཟིན།     བོད་ཇ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་ཉིས་ཁྲི་ལྔ་བརྒྱ་ཟིན་པ་དང་ཐོན་ཚད་ཏུན་དྲུག་གྲངས་ཆུང་དྲུག་བདུན་ཟིན།     མཁྲེགས་འབྲས་དང་བསུང་རྫས་སོགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ་བཞི་ཁྲི་ལྔ་སྟོང་ཉིས་བརྒྱ་ཟིན་པ་དང་ཐོན་ཚད་ཏུན་བཞི་སྟོང་རེ་གཅིག་ཟིན་པ་བཅས་ཀྱིས་ནགས་ཚལ་གྱི་ཟས་རིགས་དེ་འབྲུ་རིགས་དང་སྔོ་ཚལ་རྗེས་ཀྱི་ཞིང་ལས་ཐོན་རྫས་གལ་ཆེན་ཨང་གསུམ་པར་གྱུར་བ་རེད།     ནགས་བརྟེན་དཔལ་འབྱོར་དང་སྐྱེ་ཁམས་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་ཕྱིན་ནས་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་སུམ་ཁྲི་ལྔ་སྟོང་ཟིན་པ་དང་ཐོན་ཚད་ཏུན་ཆིག་ཁྲི་དྲུག་བརྒྱ་ཞེ་གཉིས་ཟིན།     དབྱར་རྩྭ་དགུན་འབུ་སྲུང་སྐྱོབ་བེད་སྤྱོད་རྒྱ་ཁྱོན་མུའུ་བྱེ་བ་བདུན་ཟིན་པ་དང་ལོ་རེའི་ཐོན་ཚད་ཏུན་བརྒྱ་ལས་བརྒལ།     ནགས་གླ་གསོ་སྤེལ་གྱི་ཁ་གྲངས་ཆིག་སྟོང་བཞི་བརྒྱ་གྱ་གཅིག་ཟིན་པ་དེ2021ལོ་ལས་ལྡབ་གསུམ་ཙམ་འཕར་ཡོད།    

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་དམིགས་འབེན་ལ་དམིགས་ནས་ནགས་རྩྭ་སྡེ་ཁག་གིས་དབྱར་རྩྭ་དགུན་འབུ་དང་།    ཀྲུང་ལུགས་དང་བོད་ལུགས་སྨན་རྫས།     གླ་ཚེར།     ནགས་གླ་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་པ་དང་།     སྲིད་ཇུས་མ་ལག་རྒྱུན་མཐུད་འཐུས་ཚང་དུ་གཏོང་བ་དང་།    མ་དངུལ་གཏོང་བ་དང་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ།     ཚན་ཞིབ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ།     “དག་གཙང་མཚོ་སྔོན.མཐོ་སྒང་སྤུས་ལེགས་ཐོན་རྫས”ཀྱི་སྤུས་རྟགས་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ།     ཁྲོམ་རའི་ཐབས་ལམ་རྒྱ་ཆེར་གཏོང་བ།     ལས་གཉེར་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ།     སྐྱེ་ཁམས་ཐོན་ཁུངས་གཞན་སྒྱུར་བྱེད་སྟངས་གསར་པ་འཚོལ་ཞིབ་བྱེད་ཀྱིན་ཡོད། 

མཚོ་མོ་སྐྱིད་ཀྱིས་བསྒྱུར།