ཟི་ལིང་གསར་སྤེལ་ཁུལ་གྱིས་དུས་ཚིགས་དང་པོར་ཐོན་ལས་རྣམ་གྲངས་བཅུ་གཅིག་ལ་གན་རྒྱ་བཞག
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

དུས་ཚིགས་དང་པོར་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཀུའེ་ཐཱན་གྱི་གཤིས་ནུས་མཐོ་བའི་ན་སྨི་རྒྱུ་ཆ་གསར་པ་གཞི་གཅིག་ཅན་དང་།     ཟངས་དབྱུག་བསྟུད་མར་ལུགས་རྒྱག་དང་བཙིར་གནོན་བྱེད་པ།     ལས་ཐིམ་འོད་བརྟེན་ལྷུ་ལག་གནོད་མེད་རིན་ཐང་མཐོ་བའི་ཚུར་བསྡུ་བེད་སྤྱོད།     རིག་རྩིས་ལྟེ་གནས་སོགས་ཐོན་ལས་རྣམ་གྲངས11ལ་བདེ་བླག་ངང་མིང་རྟགས་བཀོད་པ་དང་། གན་རྒྱ་བཞག་པའི་བསྡོམས་འབོར་སྒོར་ཐེར་ཆེན་གཉིས་ཐེར་འབུམ་གཉིས་དུང་ཕྱུར་བདུན་ཙམ་ཟིན་ནས། ལོ་ཧྲིལ་པོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྩལ།

གན་རྒྱ་བཞག་པའི་རྣམ་གྲངས་ཚང་མས་ཟི་ལིང་གསར་སྤེལ་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ་དང་།    ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ།     ལྗང་མདོག་འཁོར་རྒྱུག  གྲངས་འཛིན་དཔལ་འབྱོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཚན་རྩལ་འདུས་ཚད་ཆེ་བ་དང་སྐུལ་ཁྲིད་ནུས་པ་ཆེན་པོ་ཡོད་པའི་ཐོན་ལས་མུ་ཕྲེང་གི་ཞན་ཆ་ནུས་ལྡན་ངང་ཁ་གསབ་དང་། ཐོན་ལས་འདུས་གྲུབ་སྟོབས་ཆེར་གཏོང་གང་ཐུབ་བྱས་ནས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་རྒྱུར་འདེགས་སྐྱོར་འདོན་སྤྲོད་བྱས།   ཚོང་འགུགས་ཕན་འབྲས་ཆེ་རུ་གཏོང་ཆེད།     ཟི་ལིང་གསར་སྤེལ་ཁུལ་གྱིས《2026ལོའི་ཚོང་འགུགས་དངུལ་འདྲེན་གྱི་འགག་སྒྲོལ་གདོང་མཆོང་ལས་ཀའི་ཇུས་གཞི》བཏོན་པ་དང་།     ནུས་གསོག་དང་ལྗང་མདོག་བཟོ་སྐྲུན།     རྩིས་གློག་མཐུན་སྦྱོར།   གཤིས་ནུས་མཐོ་བའི་རྒྱུ་ཆ་བཅས་འགྲན་ལམ་གསར་པ་ཆེན་པོ་བཞི་ལ་དམིགས་པ་དང་། ཐོན་ལས་མུ་ཕྲེང་གི་ཚོང་འགུགས་དང་།    ལས་སྟེགས་ཚོང་འགུགས།   ཚོང་བརྟེན་ཚོང་འགུགས།     ཆེད་ཚན་ཚོང་འགུགས་སོགས་བྱེད་ཐབས་སྣ་ཚོགས་གཅིག་འདོམས་བེད་སྤྱོད་བྱས་ཏེ་གནད་འཁེལ་འགག་སྒྲོལ་བྱས་པ་མ་ཟད། ཚོང་འགུགས་དངུལ་འདྲེན་ལས་དོན་གྱི་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། གཞིས་ཆགས་ཁེ་ལས་ཀྱི་འཐུས་མི་དང་ལས་རིགས་ཀྱི་ཆེད་མཁས་པ་གདན་འདྲེན་ཞུས་ནས། ཐོན་ལས་ཁྱབ་ཚུལ་དང་སྲིད་ཇུས་ལེགས་སྒྱུར།  བདག་རྐྱེན་འགན་སྲུང་སོགས་ཀྱི་གྲོས་གཞིར་ངོ་ཐུག་ནས་ཉན་པ་དང་།     ཚོང་འགུགས་ཐབས་ཇུས་དུས་ཐོག་ཏུ་ལེགས་སྒྱུར་བྱས།     

ཞབས་ཞུའི་འགན་སྲུང་ཐད་ཟི་ལིང་གསར་སྤེལ་ཁུལ་གྱིས་རྣམ་གྲངས་གན་རྒྱ་འཇོག་པ་དང་སྡོམ་རྩིས་ནང་འཇོག་པ།     ལས་འགོ་འཛུགས་པ།     ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ཀྱི“འགག་རྩའི་གོ་རིམ་བཞི”ལ་དམིགས་ནས། བརྒྱུད་རིམ་ཡོངས་ཀྱི་བཀག་སྡོམ་དོ་དམ་ལམ་སྲོལ་བཙུགས་པ་དང་།     ཆེད་དོན་མི་སྣས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ཞབས་ཞུ་བཀོད་སྒྲིག་བྱས་པ།     འགྲོ་ལུགས་སྒྲུབ་པ་དང་བདག་རྐྱེན་འགན་སྲུང་སོགས་ཀྱི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས།     ཐོན་ལས་མུ་ཕྲེང་གི“མུ་ཕྲེང་མགོ་གཙོའི”འགན་ཁུར་ལམ་ལུགས་དོན་འཁྱོལ་ནན་མོ་བྱས།   ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་བ་དང་།     “ཞབས་ཞུ་པའི”ཞབས་ཞུའི་འདུ་ཤེས་ལག་ལེན་བསྟར་བ།     ཞིབ་མཆན་བརྒྱུད་རིམ་སྟབས་བདེ་རུ་བཏང་སྟེ།     ཁེ་ལས་ལ་ཕན་པའི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཁེ་ལས་ཡོང་འདོད་པ་དང་གནས་ཐུབ་པ།     འཕེལ་རྒྱས་ཡོང་བ་བཅས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན།   

མཚོ་མོ་སྐྱིད་ཀྱིས་བསྒྱུར།