
སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། མཐོ་རིམ་སློབ་གྲྭ་ཁག་གིས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། དམ་པ་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས། བཀོད་སྒྲིག་ཏན་ཏིག་དང་གཅིག་གྱུར་གྱིས་སྐུལ་འདེད་སྒོས་རིགས་པའི་གཞུང་ལུགས་ཀྱིས་ངེས་ཤེས་བསྐྱེད་པ་མུ་མཐུད་ནས་གཏིང་ཟབ་ཏུ་བཏང་བ་དང་། སློབ་སྤྱོད་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
ཆིན་ཧྭ་སློབ་ཆེན་གྱིས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། མ་རྩོམ་ཇི་མ་ཇི་བཞིན་དུ་ཀློག་པ་དང་། མ་ཡིག་སྦྱོང་བ། བདེན་ལུགས་རྟོགས་པ་བཅས་བྱས་ཏེ། ཞིབ་ཕྲའི་ལས་འགན14ཚུད་པའི་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོས་ཡོད། གོང་གིས་འོག་ལ་སྣེ་ཁྲིད་དེ་གནད་དོན་རྩད་ཞིབ་ནན་མོ་བྱེད་པ་དང་། རྒྱུན་མཐུད་ངང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྒྲིག་སྲོལ་ལམ་ལུགས་གཙང་བཤེར་སོགས་ཆེད་དོན་འགུལ་སྐྱོད་ལྔ་སྤེལ་ནས། དངོས་སྒྲུབ་ཀྱི་ཐོག་ནས་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོའི་ཁྲོད་དུ། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱིས་མི་གསོ་སྐྱོང་གི་སྤུས་ཚད་དང་རྒྱལ་ཁབ་ཀྱི་བྱས་རྗེས་དེ་སྲིད་འབྲས་ཀྱི་རྩ་བའི་ཚད་གཞིར་བརྩིས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྤུས་ཚད་དེ་སྲིད་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། “གནམ་འདེགས”ཚན་རིག་ཞིབ་འཇུག་གི་མཐོ་ཚད་ཐོག་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་འདེགས་སྐྱོར་དང་། “ས་ཚུགས”ཀྱི་ཞབས་ཞུའི་གཏིང་ཚད་ལ་བརྟེན་ནས་ས་གནས་འཕེལ་རྒྱས་གཏོང་བ། སྲིད་འབྲས་ལྟ་བ་ཡང་དག་དེ་སློབ་གཉེར་དང་སློབ་གྲྭ་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་དངོས་སུ་ཁྱབ་པར་བྱས་པ་དང་། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་བྱ་རྒྱུ་ཡིན།
སི་ཁྲོན་སློབ་ཆེན་གྱིས་སློབ་སྦྱོང་སློབ་གསོ་དེ་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་དང་། སློབ་གྲྭའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་བ་སོགས་དང་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ཏེ། གཙོ་རྒོལ་ཁ་ཕྱོགས་ཁ་གསལ་བཟོ་བ། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་། ཚན་རིག་ཞིབ་འཇུག་གསར་གཏོད། སྤྱི་ཚོགས་ཞབས་ཞུ་སོགས་གཙོ་གནད་བྱ་བའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། གནད་དོན་གྱི་གསལ་ཐོ་བཟོ་བ་མ་ཟད་བབ་བསྟུན་གསར་སྒྱུར་བྱ་རྒྱུ་ཡིན་པ་དང་། དག་ཐེར་ཡོ་བསྲང་ཇུས་གཞིའི་རྩིས་ཐོ་ཞིབ་ཕྲ་བཟོ་བ། སློབ་སྦྱོང་གཏིང་ཟབ་དང་ཞིབ་བསྡུར་ཞིབ་ཚགས་བྱེད་པའི་ཁྲོད་སྲིད་སྐྱོང་བྱས་འབྲས་ཀྱི་ཚད་ཐིག་དང་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱ་རྒྱུ་ཡིན།
བྱང་ཤར་སློབ་ཆེན་གྱིས་སློབ་སྦྱོང་སློབ་གསོའི་བླང་བྱ་ཁག་གི་ལག་བསྟར་ལ་སྐུལ་འདེད་བཏང་ནས། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་དང་འགག་གནད་མ་ལག་ལྡན་པའི་སྒོ་ནས་སེལ་བ་དང་། ཏང་འཛུགས་སྐྱོང་གིས་བྱ་གཞག་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་བྱ་བའི་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་བཏང་ཞིང་། “ཏང་གི་འགོ་ཁྲིད་དང་། སྣ་མང་བཅོས་སྐྱོང་། རྒྱབ་སྐྱོར་འགན་སྲུང་། བཀག་རྒྱའི་གསལ་ཐོ”སོགས་ཕྱོགས7གྱི་ཐད་ནས་རིམ་པ3གྱི་དམིགས་ཚད་མ་ལག་ཇུས་འགོད་བྱས་ཏེ། ཏང་འཛུགས་སྐྱོང་དང་བྱ་གཞག་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་།