
ཚེས་ཉེར་བདུན་ཉིན། 2026ལོའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་ན་གཞོན་གདོང་ལེན་བྱ་དགའི་དཔྱད་འདེམས་མཇུག་འབྲས་ཡོངས་བསྒྲགས་བྱས།
གུང་གཞོན་ཚོགས་པ་ཀྲུང་དབྱང་དང་། རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲི་ཏེ་ཡོན་དང་། ཀུའུ་ཙའེ་ལི་ནུ་ཨེར·ཨ་པུའུ་ལ། ལིའུ་ཁྲེན་སོགས་བློ་མཐུན་ཉེར་དགུ་ལ་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་སྟེར་རྒྱུ་དང་། ཧྲང་ཧའེ་ཡི“དབྱིབས་མྱུར་བར་མཐོངས”ཀྱི་དཔེ་དབྱིབས་ཆེན་པོའི་གསར་གཏོད་སྐྱེ་ཁམས་སྡེ་ཁུལ་གྱི་ན་གཞོན་ཚོགས་པ་དང་། 75220དཔུང་སྡེ་ཡི་ཡན་ལག་རུ་ཁག་ཞེ་གཉིས་པ། ཀྲུང་གོ་ལྕགས་ལམ་ཞི་ཨན་ཅུས་སྡེ་ཚོགས་ཚད་ཡོད་ཀུང་སི་ཞི་ཨན་ལྕགས་ལམ་ཟོང་འགྲུལ་ལྟེ་གནས་རྒྱལ་སྤྱིའི་གྲུ་ཁའི་ལས་གཉེར་པུའུ“དར་ལམ་ན་གཞོན་གདོང་ལེན་པའི”ན་གཞོན་ཚོགས་པ་སོགས་ན་གཞོན་ཐུན་མོང་སུམ་ཅུ་ལ་ཀྲུང་གོའི་ན་གཞོན་ལྔ་བཞིའི་ཐུན་མོང་གཟེངས་རྟགས་དང་། ཏེའོ་ཞིན་ཡུས་དང་མ་ཞིན་ཅན། ཧྥེང་ཀྲའོ་རྨིན་སོགས་བློ་མཐུན་བདུན་བརྒྱ་ཞེ་དགུ་ལ་དུས་རབས་གསར་པའི་ན་གཞོན་གདོང་ལེན་པའི་གཟེངས་རྟགས་སྟེར་རྒྱུའི་ཐག་བཅད།
ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར། 2026ལོའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་གཟེངས་རྟགས་དང་དུས་རབས་གསར་པའི་ན་གཞོན་གདོང་ལེན་བྱ་དགའ་སྤྲོད་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། བརྗོད་དོན་སྒྲོག་འགྲེལ་བྱེད་སྒོ་དུས་གཅིག་ཏུ་སྤེལ་འགོ་བརྩམས་ལ། བྱ་དགའ་ཐོབ་པའི་འཐུས་མི་གདན་ཞུ་བྱས་ནས་ལང་ཚོའི་འབད་འཐབ་ཀྱི་གཏམ་རྒྱུད་བཤད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམིགས་འབེན་དང་ལས་འགན་གཏན་འཁེལ་བྱས་ནས། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་ཆེད་སོ་སོའི་སྟོབས་ཤུགས་འབུལ་བའི་འགན་འཁྲི་ཁག་ཁུར་མངོན་པར་བྱས།