མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་གིས་སྤེལ་བའི“ལྔ་གཅིག”བརྗོད་དོན་ཡིན་པའི་ཚན་རིག་ཁྱབ་གདལ་བྱེད་སྒོས་མི་ཁྲི་ལྷག་བཀུག
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

“ལྔ་གཅིག”ངལ་གསོ་ཚར་ལ་ཉེ་བའི་སྐབས་དང་བསྟུན་ནས། 2026ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་གི“ལྔ་གཅིག”བརྗོད་དོན་ཡིན་པའི་ཚན་རིག་ཁྱབ་གདལ་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ།  ཐེངས་འདིའི་བྱེད་སྒོའི་ནང་ཁྱད་ཆོས་ཆེན་པོ7བསྐྲུན་པ་དང་ཚན་རིག་ཁྱབ་གདལ་གཏོང་བར་སྤྲོ་སྣང་ཡོད་པའི་བྱེད་སྒོ་ཁག23ཞིབ་ཚགས་སྒོས་བཀོད་སྒྲིག་བྱས་ཏེ། སྤྱི་དམངས་ཁྲི་ལྷག་བྱེད་སྒོའི་ཁྲོད་ཞུགས་བཀུག་ཡོད་ལ། ཚང་མས་ལག་ལེན་དངོས་ཀྱི་ཁྲོད་ངལ་རྩོལ་གྱི་སྤྲོ་སྣང་རྟོགས་ཐུབ་པ་དང་སྤྲོ་སྣང་འཚོལ་ཞིབ་ཁྲོད་ཚན་རིག་གི་གསང་བ་རྟོགས་ཐུབ་པར་བྱས་ཡོད།

བྱེད་སྒོ་སྤེལ་བའི་རིང་ལ། “ངལ་རྩོལ་དཔེ་ལེགས་ཅན་ཆུང་ཆུང་གི་འགག་སྒོའི་ལམ་ཡིག”དེ་ཚོགས་ར་ཡོངས་ཀྱི་དགའ་བསུ་ཆེན་པོ་ཐོབ་ས་རུ་གྱུར་བ་དང་། བདེ་འཇགས་ཞྭ་མོ་དང་ཆུ་འབྲས། ཉིང་ལྷེབ། སྐམ་པ་སོགས་ཁྱད་ལྡན་བརྗོད་དོན་ཐམ་ག་སོགས་ཀྱིས་བྱིས་པ་ཚོའི་ཚན་རྩལ་འཚོལ་ཞིབ་ཀྱི་རྗེས་ཤུལ་དང་འཚར་ལོངས་ཀྱི་གྲུབ་འབྲས་མཚོན་གང་ཐུབ་བྱས། “ལྔ་གཅིག” བྱེད་སྒོའི་སྐབས། བརྙན་འཕྲིན་ཟློས་གར《བླ་ཤིང་》ཞེས་པ་དེ་གསར་གཏོད་ཀྱི་དཔེ་བལྟ་ས་རུ་བྱས་ནས་ཚན་རིག་ཁྱབ་གདལ་མཉམ་འགུལ་གྱི་རྣམ་པ་བསྐྲུན་ཏེ། དེའི་ནང་ཞུགས་མཁན་ཚང་མས་ངལ་རྩོལ་གྱི་མཛེས་སྡུག་མྱོང་རོལ་དང་ཚན་རིག་གི་ངོ་མཚར་རྟོགས་ཐུབ་པར་བརྩོན་ལེན་བྱས། བྱེད་སྒོའི་ཁྲོད་མཛུབ་རྩེ་ཡིས་སྒྱུ་རྩལ་གསར་གཏོད་བྱེད་པ་སོགས་བརྗོད་དོན་ཆེན་པོ་བཞི་ལ་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་ཡོད་ཅིང་། སྤྲོ་སྣང་ཆེ་བའི་འགྲན་སློང་དང་ལག་པ་འགུལ་བའི་ལག་ལེན་གཉིས་མཉམ་འདྲེས་ཆེན་པོ་བྱུང་ཡོད། བྱེད་སྒོའི་ཁྲོད་ཞུགས་མཁན་གྱི་བྱིས་པ་ཚོས་ནན་ཏན་སྒོས་དཀའ་གནད་སེལ་བ་དང་མཉམ་དུ་ལག་གདང་སྦྲེལ་ནས་གཞོགས་འདེགས་དམ་ཟབ་བྱེད་པ། དགའ་འབོད་ཆེན་པོ་བཅས་བྱས་ཏེ། ཚན་རིག་ཁྱབ་གདལ་གཏོང་བའི་ཁོར་ཡུག་ཁྲོད་དགའ་སྤྲོའི་ངང་འཚོལ་ཞིབ་བྱས་ནས། “ངལ་རྩོལ་གྱིས་རིན་ཐང་བསྐྲུན་པའི”འདུ་ཤེས་དེ་མི་སེམས་ཀྱི་ཟབ་སར་ཟུག་པར་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།