
ཟླ5པའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་དེ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང2025ལོའི་གཞུང་ཞབས་པའི་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། 2026ལོའི་གཞུང་ཞབས་པའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།
ཚོགས་འདུ་ལས་བསྟན་དོན། 2025ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་མི་དོན་སྡེ་ཁག་གིས་ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་ཁུག་ཁུར་བྱས་ཏེ། གཞུང་ཞབས་པའི་བྱ་བ་སོ་སོའི་ཐད་ཕན་འབྲས་ལེགས་པོ་བླངས། ཚོགས་འདུ་ལས་ནན་གྱིས་བསྟན་དོན། 2026ལོར་ཏང་གིས་གཞུང་ཞབས་པའི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་དང་། གཞུང་ཞབས་པས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་ཏུ་བསྟར་བར་ཁྲིད་སྟོན་བྱས་ནས། དེང་རབས་ཅན་འཛུགས་སྐྲུན་གྱི་ནུས་པ་མཐོ་རུ་གཏོང་དགོས། ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པར་དམིགས་ནས། ནུས་ཤུགས་ཡོད་རྒུས་བྱ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་འཛིན་པ་དང་། ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་དཔུང་ཁག་སྒྲིག་འཛུགས་ཀྱི་སྤྱིའི་ཕན་འབྲས་བསྟུད་མར་སྲ་བརྟན་དུ་གཏོང་དགོས་ལ། འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་བར་གཞིགས་ཏེ། ནུས་ཤུགས་ཡོད་རྒུས་སློབ་གསོ་གསོ་སྦྱོང་གིས་སྟོབས་ནུས་སྩོལ་བ་དམ་འཛིན་བྱས་ནས། གཞུང་ཞབས་པའི་ནུས་པ་དང་བྱང་ཚད་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པར་ཁག་ཐེག་བྱེད་དགོས། ལས་བྱེད་པའི་དཔུང་ཁག་གི་སྒྲིག་གཞི་ལེགས་སྒྱུར་བྱེད་པར་དམིགས་ནས། ནུས་ཤུགས་ཡོད་རྒུས་འཇོན་མི་བསྡུ་འགུག་གི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་པ་དང་། ཕུལ་བྱུང་འཇོན་མི་མང་པོ་གཞུང་ཞབས་པའི་དཔུང་ཁག་ཁྲོད་ཞུགས་སུ་བཅུག་སྟེ། གཞུང་ཞབས་པའི་དཔུང་ཁག་གི་གསོན་ཉམས་ལྡན་པའི་རྣམ་པ་སྲུང་འཛིན་བྱེད་དགོས། དཔུང་ཁག་སྒྲིག་འཛུགས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བར་གཞིགས་ཏེ། དོ་དམ་གྱི་ནུས་པ་ཇེ་མཐོར་གཏོང་བ་དང་། དོ་དམ་གྱི་ཤུགས་ཚད་ཆེ་རུ་གཏོང་དགོས་ལ། དོ་དམ་གྱི་ཁྱབ་ཁོངས་ཇེ་ཆེར་བཏང་ནས། ནུས་ཤུགས་ཡོད་རྒུས་དོ་དམ་གྱི་བྱ་བའི་ཕན་འབྲས་ཇེ་ལེགས་སུ་གཏོང་དགོས། ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སྐུལ་སྤེལ་ལ་དམིགས་ཏེ། ཐོབ་ཐང་འགན་སྲུང་ལ་ཤུགས་སྣོན་པ་དང་། རྒྱུགས་བཤེར་དཔྱད་འཇོག་ལེགས་སྒྱུར་བྱེད་པ། ལས་རིམ་འཕར་བ་དམ་འཛིན་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ཉིན་རྒྱུན་གྱི་སྐུལ་སློང་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། དངོས་སྒྲུབ་ལ་བརྟེན་ནས་ལས་འགན་ཁུར་བ་དང་འགག་སྒྲོལ་ལ་བརྟེན་ནས་རྣམ་པ་གསར་བ་བཏོད་དེ། གཞུང་ཞབས་པའི་དཔུང་ཁག་སྒྲིག་འཛུགས་ཐད་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས།
ཚོགས་འདུའི་སྟེང་། ལས་ཁུངས་ལྔ་ཡིས་བྱ་བའི་ཉམས་མྱོང་བརྗེ་རེས་བྱས།
ལྷ་མོ་འཚོས་བསྒྱུར།