
ཟླ5བའི་ཚེས23ཉིན་ནས་ཚེས24ཉིན། སྐབས་གསུམ་པའི“རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག”ཞེས་པའི་རིམ་འདས་མཉམ་འགྲན་འགྲན་ཐེངས་གཉིས་པའི་འགྲན་སྡུར་བྱེད་རྒྱུ་རེད།
ཐེངས་འདིའི་འགྲན་སྡུར་ཁྲོད། ཟླ5བའི་ཚེས23ཉིན་གྱི་ཉིན་གུང་ཆུ་ཚོད་གསུམ་པའི་སྟེང་། མཚོ་ལྷོ་ཚ་རྔ་རུ་ཁག་གིས་འགྲན་ར་གཙོ་བོ་ནས་མཚོ་བྱང་མདོ་ལ་བོད་ལུག་རུ་ཁག་ལ་འགྲན་སྡུར་བྱེད་རྒྱུ་དང་། འགྲན་སྡུར་བྱེད་ཡུལ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མི་རིགས་ལུས་རྩལ་ར་བ་རེད། མགོ་ལོག་གེ་སར་རུ་ཁག་གིས་འགྲན་ར་གཙོ་བོ་ནས་མཚོ་ནུབ་ཚ་འདམ་གཞུང་རུ་ཁག་ལ་འགྲན་སྡུར་བྱེད་རྒྱུ་དང་། འགྲན་སྡུར་བྱེད་ཡུལ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གེ་སར་ལུས་རྩལ་ར་བ་རེད། ཟླ5བའི་ཚེས24ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྟེང་། ཟི་ལིང་གསའ་རུ་ཁག་གིས་འགྲན་ར་གཙོ་བོ་ནས་ཡུས་ཧྲུའུ་ནོར་གནག་རུ་ཁག་ལ་འགྲན་སྡུར་བྱེད་རྒྱུ་དང་། འགྲན་སྡུར་བྱེད་ཡུལ་མཚོ་སྔོན་ལུས་རྩལ་ལྟེ་གནས་རེད། རྨ་ལྷོ་རེབ་གོང་སྒྱུ་རྩལ་རུ་ཁག་གིས་འགྲན་ར་གཙོ་བོ་ནས་མཚོ་ཤར་ཐེན་ཡུག་ཏི་རུ་ཁག་ལ་འགྲན་སྡུར་བྱེད་རྒྱུ་དང་། འགྲན་སྡུར་བྱེད་ཡུལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ལུས་རྩལ་ཐང་ཆེན་རེད།
འགྲན་ཐེངས་དང་པོའི་ཁྲོད། ཟི་ལིང་གསའ་རུ་ཁག་གིས་འགྲན་ར་གཙོ་བོ་ནས་གཅིག་སྡུར་གཅིག་གིས་མགོ་ལོག་གེ་སར་རུ་ཁག་དང་འགྲན་མཉམ་བྱུང་བ་དང་། རྨ་ལྷོ་རེབ་གོང་སྒྱུ་རྩལ་རུ་ཁག་གིས་གཅིག་སྡུར་གཉིས་ཀྱིས་མཚོ་ལྷོ་ཚ་རྔ་རུ་ཁག་ལས་འགྲན་ཕན་བྱུང་། མཚོ་བྱང་མདོ་ལ་བོད་ལུག་རུ་ཁག་གིས་འགྲན་ར་གཙོ་བོ་ནས་ཐིག་སྡུར་ལྔ་ཡིས་ཡུས་ཧྲུའུ་ནོར་གནག་རུ་ཁག་ལས་འགྲན་ཕམ་བྱུང་། མཚོ་ཤར་ཐེན་ཡུག་ཏི་རུ་ཁག་གིས་འགྲན་ར་གཙོ་བོ་ནས་གཉིས་སྡུར་ཐིག་གིས་མཚོ་ནུབ་ཚ་འདམ་གཞུང་རུ་ཁག་ལས་འགྲན་རྒྱལ་བྱུང་།
འགྲན་ཐེངས་དང་པོའི་འགྲན་སྡུར་བརྒྱུད། ཡུས་ཧྲུའུ་ནོར་གནག་རུ་ཁག་དང་མཚོ་ཤར་ཐེན་ཡུག་ཏི་རུ་ཁག མཚོ་ལྷོ་ཚ་རྔ་རུ་ཁག་གསུམ་གྱིས་སྐར་གསུམ་བླངས་ཡོད་ལ། གནས་སྐབས་སུ་བསག་སྐར་རིམ་པའི་ཨང་རིམ་སྔོན་མ་གསུམ་ཡིན།
དེའི་ཁྲོད། ཡུས་ཧྲུའུ་ནོར་གནག་རུ་ཁག་གིས་སྐར་ལྔ་བླངས་ཏེ་ཨང་དང་པོར་གནས་ཡོད་ལ། མགོ་ལོག་གེ་སར་རུ་ཁག་དང་ཟི་ལིང་གསའ་རུ་ཁག་གིས་སྐར་གཅིག་རེ་བླངས་ཏེ་ཨང་བཞི་བ་དང་ཨང་ལྔ་བར་གནས་ཡོད། ལྷག་མའི་རུ་ཁག་གསུམ་གནས་སྐབས་སུ་ཨང་རིམ་མཐའ་མ་གསུམ་དུ་གནས་ཡོད།
ཁོན་ཐར་དབང་རྒྱལ་གྱིས་སྒྱུར།