རྨ་སྟོད་རྫོང་གིས“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་སྐབས་གསུམ་པའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོ་སྤེལ།
ཁུངས། ཀློག་གྲངས།

​ཟླ་དྲུག་པའི་ཚེས་གཅིག་ཉིན། རྨ་སྟོད་རྫོང་གིས“རུ་དར་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་འབྲང་།དུས་རབས་གསར་པའི་ལོ་ཆུང་ཡག་པོ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་སྐབས་གསུམ་པའི་སློབ་གྲྭའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱེད་སྒོ་སྤེལ།རྫོང་ཏང་ཨུའི་ཧྲུའུ་ཅི་ཀུའོ་ཧྥེང་ཧུའེ་བྱེད་སྒོར་ཞུགས་པ་དང་།རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་རིན་ཆེན་མཚོ་ཡིས་ཤིས་ཚིག་ཕུལ་བ་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་པད་མ་ཀུན་བཟང་གིས་བྱེད་སྒོར་མགོ་འཛིན་བྱས།

རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་།མེས་རྒྱལ་གྱི་མ་འོངས་པ་གསོ་སྐྱོང་བྱེད་མཁན་གྱི་དགེ་རྒན་དང་།ཁྱིམ་བདག  སློབ་གསོའི་ལས་དོན་པ།ལོ་ཆུང་བྱིས་པ་བདེ་ཐང་འཚར་ལོངས་འབྱུང་བར་སེམས་ཁུར་དང་ལོ་ཆུང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་བྱམས་བརྩེའི་འཚམས་འདྲི་ཞུས་པར་མ་ཟད། རྨ་སྟོད་ཀྱི་སློབ་གསོ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བའི་ཐད་རེ་བ་ཆེན་པོ་བཏོན་ཡོད་དེ།སེམས་པ་དམར་པོ་ཏང་ལ་ཕྱོགས་པ་དང་ཕུགས་འདུན་ཆེན་པོ་བཅངས་ནས་དད་སེམས་བརྟན་པའི་གཞོན་ནུ་ཕུགས་འདུན་དོན་གཉེར་བྱ་རྒྱུའི་རེ་བ་ཡོད་ཅིང་།སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་ཤེས་སྤྱོད་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་གཞོན་ནུ་ཞིག་བྱ་རྒྱུའི་རེ་བ་ཡོད་ལ།བརྩེ་སེམས་ཆེན་པོ་འཆང་བ་དང་ཕ་ཡུལ་དུ་གཞི་ཚུགས་ཏེ་གཙང་པོར་སྲུང་སྐྱོང་བྱེད་པའི་དྲིན་ཚོར་གཞོན་ནུ་ཞིག་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ་རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་སློབ1000ལྷག་ཙམ་གྱིས་ཁྱད་ལྡན་ལེ་ཚན19འཁྲབ་སྟོན་བྱས་པ་རེད།ངོ་མཚར་ཆེ་བའི་གླུ་གར་འཁྲབ་སྟོན་ལས་དུས་རབས་གསར་པའི་ལོ་ཆུང་བྱིས་པའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པ་དང་རྨ་སྟོད་ཀྱི་སློབ་མ་ཚོས་ཁྱིམ་དང་རྒྱལ་ཁབ་སྐྱོང་བ་དང་།ཕུགས་འདུན་དོན་གཉེར་གྱིས་མདུན་སྐྱོད་བྱེད་པ།བློ་ཐག་ཆོད་པོས་དུས་རབས་གསར་པའི་ལོ་ཆུང་ཡག་པོ་ཞིག་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་སྒོས་མངོན་ཡོད།

ཐེངས་འདིའི་བྱེད་སྒོར་སློབ་རའི་རིག་གནས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་དགེ་མཚན་ལྡན་ལ་སྐྱོན་བྲལ་དང་ཤེས་དཔལ་ཡར་ཐོན་གྱི་སློབ་རའི་རྣམ་པ་ཞིག་བཏོད་ཡོད།སློབ་མར་ཏང་དང་རྒྱལ་ཁབ་ལ་དགའ་བའི་དྲིན་ཚོར་གྱི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ཡོད།ཚང་མས་སྒྱུ་རྩལ་ལ་དགའ་ཞེན་བྱེད་པ་དང་འཚར་ལོངས་བྱུང་ནས་འཇོན་ཐང་ཅན་དུ་འགྱུར་བར་འབད་འབུངས་བྱེད་པའི་ཆོད་སེམས་སྐུལ་སྤེལ་བྱས་ཡོད་ལ།སློབ་མ་ཚོའི་འཇོན་ནུས་སྣ་ཚོགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ།སློབ་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བས་སློབ་རའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

ཞང་དང་གྲོང་རྡལ་ཁག་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས་པ་དང་། རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་སློབ་མ་དང་དེ་བཞིན་ཁྱིམ་བདག་བཅས་མི2000ལྷག་ཙམ་བྱེད་སྒོར་ཞུགས་ཡོད།