
སྡེ་ཁུལ་ཆུང་ཡང་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྡེ་ཁུལ་གྱི་བྱ་བ་ནི་སྤྱིར་བཏང་ཞིག་མིན་པས། འབད་པས་གསར་གཏོད་འཚོལ་ཞིབ་བྱེད་དགོས་ཤིང་། རྣམ་པ་སྣ་མང་ལ་བརྟེན་ནས་དོ་དམ་མུ་ཕྲེང་རྒྱུན་སྲིང་དགོས་པ་དང་། ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས། ཁྱིམ་ཚང་ཁྲི་སྟོང་མང་པོར་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་ཚོར་དུ་འཇུག་དགོས། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། ས་གནས་ཁག་གིས་ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གི་སྒོ་ནས་སྡེ་ཁུལ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། དམངས་ཕན་ཞབས་ཞུ་དང་། རིག་གནས་ནུས་སྩོལ། དམངས་འཚོའི་གནས་ཚུལ་ཞིབ་ཕྲ་བཅས་ལ་ཤུགས་བསྣན་ནས། ཁྱིམ་ཚང་ཁྲི་སྟོང་མང་པོའི་སྐྱིད་སྣང་བསྟུད་མར་ཇེ་མཐོར་བཏང་།
ཡུན་རིང་མ་འགོར་བའི་སྔོན་ལ། ཧྥུའུ་ཅན་ཧྥུའུ་ཀྲོའུ་ཀུའུ་ལོའུ་ཆུས་ཅུན་མོན་སྡེ་ཁུལ་གྱི་རྒན་པའི་ཟ་ཁང་གིས་དྲོ་སྐྱིད་ལྡན་པའི་བྱེད་ཐབས་ཤིག་བཏོན་ནས། སྡེ་ཁུལ་ལ་ཞབས་འདེགས་ཞུ་བའི་ཟས་སྐྱེལ་མཁན་དང་མྱུར་སྐྱེལ་པ། གཙང་སྦྲ་བ་སོགས་ལས་རྣམ་གསར་པའི་ངལ་རྩོལ་པ་ཚོས་འདི་གར་ཟ་མ་ཟས་ཆོག་པར་བྱས།
ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཅུན་མོན་སྡེ་ཁུལ་གྱི་མྱུར་སྐྱེལ་པ་ཀྲེང་ཧྥུང་གིས་བཤད་རྒྱུར། འདི་ནས་གློག་གསོག་པ་དང་ཆུ་ཁ་སྣོན་སོགས་བྱས་ཆོག་པས་ཧ་ཅང་སྟབས་བདེ་རེད།
སྡེ་ཁུལ་གྱི་བྱ་བ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་འབྲེལ་བ་ཡོད་པ་དང་དམངས་འཚོའི་བདེ་སྐྱིད་དང་འབྲེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་སྡེ་ཁུལ་གྱི་བྱ་བར་ཐུགས་ཁུར་ཆེན་པོ་གནང་གིན་ཡོད། 2014ལོར། ཁོང་ཧྥུའུ་ཅན་ཧྥུའུ་ཀྲོའུ་ཅུན་མོན་སྡེ་ཁུལ་དུ་ཕེབས་ནས་རྟོག་ཞིབ་གནང་སྐབས། “མང་ཚོགས་ཀྱི་འཚོ་བ་དང་བྱ་བ་ཇི་ལྟར་སྔར་ལས་སྟབས་བདེ་ཡོང་བར་བྱེད་དགོས། མང་ཚོགས་ཀྱིས་བདེ་སྡུག་བརྗོད་པའི་ཐབས་ལམ་ཇི་ལྟར་སྔར་བས་ཤར་གཏོང་བྱེད་དགོས། མང་ཚོགས་ལ་སྔར་ལས་དུས་བདེ་དང་བདེ་སྐྱིད་ལྡན་པའི་ཚོར་སྣང་ཞིག་ཇི་ལྟར་བསྐྲུན་དགོས་ཞེས“ཇི་ལྟར་བྱ་དགོས་པ་གསུམ”གྱི་བཅོས་སྐྱོང་སྐོར་གྱི་དྲི་བ་བཏོན་མྱོང་།
ས་གནས་སུ་རྟོག་ཞིབ་མཛད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱུན་དུ་ཞིང་སྡེ་དང་གྲོང་ཁྱེར་གྱི་སྡེ་ཁུལ་དུ་ཕེབས་ཏེ། མང་ཚོགས་ཀྱི་འཚོ་བ་ཇི་འདྲ་ཡིན་པར་རྒྱུས་ལོན་གནང་བ་དང་། ཁྱབ་གདལ་དུ་བཏང་ཆོག་པའི་ཉམས་མྱོང་བཟང་པོ་ཡོད་མེད་དང་། ཐག་གཅོད་དགོས་པའི་སེམས་ཁྲལ་དང་དཀའ་ཁག་ཅི་ཞིག་ཡོད་མེད་ལ་རྒྱུས་ལོན་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཁུལ་དམངས་ཀྱི་ཆེད་དང་དམངས་ལ་སྟབས་བདེ་སྐྲུན་པ། དམངས་ལ་ཕན་བདེ་སྐྲུན་པ་བཅས་ཀྱི་ནུས་པ་ཇེ་མཐོར་བཏང་སྟེ། གྲོང་མིར་དགོས་མཁོ་ཡོད་དུས་སྡེ་ཁུལ་གྱིས་ཞབས་ཞུ་བྱེད་པ་དང་། སྡེ་ཁུལ་དེ་གྲོང་མིས་བློས་འགེལ་ཆོག་པ་དང་བློ་བདེ་བའི་བདེ་སྐྱིད་གནས་མཆོག་ཏུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་སློབ་དཔྱོད་པུའུ་ཡི་དགེ་རྒན་ཆེན་མོ་མཱ་ཧྥུའུ་ཡུན་གྱིས་བཤད་རྒྱུར། སྡེ་ཁུལ་བཅོས་སྐྱོང་བྱ་རྒྱུ་དེ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་པོ་ཡོང་མིན་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་སྤུས་ཚད་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བསྣན་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་སྐྲུན་རྒྱུ་དེ་སྡེ་ཁུལ་བཅོས་སྐྱོང་གི་ཐོག་མའི་འགོ་རྩོམ་ས་དང་རྐང་ཚུགས་ས་བྱས་ཤིང་། དེ་ནི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་བསྒྱུར་བ་ཙམ་མ་ཡིན་པར། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དོན་ཐོག་ཏུ་འཁྱོལ་བ་ཞིག་ཀྱང་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཁར་གྲོང་དང་སྡེ་ཁུལ་བཅོས་སྐྱོང་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་པར་སླེབས་པ་དང་། རྒྱལ་ཁབ་ཀྱིས་སྔ་རྗེས་སུ་སྡེ་ཁུལ་གྱི་སྤྱི་པའི་ཞབས་ཞུ་དང་། སྡེ་ཁུལ་བཅོས་སྐྱོང་བྱ་རྒྱུའི་ཐད་ཡིག་ཆ་གལ་ཆེན་མང་པོ་ཁྱབ་བསྒྲགས་བྱས་པ་དང་། ས་ཁུལ་ཁག་གི་སྡེ་ཁུལ་བཅོས་སྐྱོང་གི་གསར་གཏོད་དང་ལག་ལེན་ཐད་ཐུན་མོང་མ་ཡིན་པའི་བྱེད་ཐབས་མངོན་ལ། མཁྲེགས་ཆས་འཛུགས་སྐྲུན་གྱི་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན།
མང་ཚོགས་ཀྱི་འཚོ་བ་སྔར་ལས་སྟབས་བདེ་ཡོང་ཆེད། རྒྱལ་ཁབ་ཀྱི་སྡེ་ཁག་མང་པོས་སྔ་རྗེས་སུ་དམངས་ལ་སྟབས་བདེ་སྐྲུན་པའི་འཚོ་བའི་ཚོམས་བཀོད་སྒྲིག་བྱས། 2021ལོའི་ཟླ9པར། སྐོར་ཁག་དང་པོའི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཚོམས་རྒྱལ་ཁབ་རིམ་པའི་ཚོད་ལྟའི་ཁུལ30ཡོངས་བསྒྲགས་བྱས་ཏེ། རྒྱལ་ཡོངས་སུ་དངོས་སུ་ཚོད་ལྟ་བྱེད་འགོ་བརྩམས། ལོ་གཉིས་ཀྱི་རྗེས་སུ། ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ནས། 2025ལོར་རྒྱལ་ཡོངས་ཀྱི་ཆ་རྐྱེན་ལྡན་པའི་ས་གནས་རིམ་པ་ཡན་གྱི་གྲོང་ཁྱེར་དུ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་གཏན་འཁེལ་བྱས། 2025ལོར། སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཚོམས་དེ་གྲོང་ཁྱེར་གསར་སྒྱུར་གྱི་ཀྲུང་དབྱང་ཡིག་ཆའི་ནང་བཅུག་པ་དང་། 2030ལོར“གྲོང་ཁྱེར་བརྒྱ་དང་ཚོམས་སྟོང་”དེ་དུས་ཡུན་རིང་བོར་ཁྱོན་ཡོངས་ལ་ཁྱབ་པའི་དམིགས་འབེན་བཏོན། ད་ལྟ། རྒྱལ་ཡོངས་ཀྱི་དམངས་ཕན་འཚོ་བའི་ཚོམས8132སུ། ཞབས་ཞུའི་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་བརྒྱད་ལས་བརྒལ་ཡོད། མང་ཚོགས་རྐང་ཐང་དུ་སྐར་མ་བཅོ་ལྔ་སོང་ན། དེའི་མཚམས་སུ་དངོས་ཟོག་ཉོ་བ་དང་བཟའ་བཏུང་། ཁྱིམ་སྲིད། ཞིག་གསོ་སོགས་བྱ་ཡུལ་ཡོད་པ་དང་། གཞི་རྩའི་འཚོ་བའི་དགོས་མཁོ་བསྐང་ཐུབ། ད་དུང་རིག་གནས་དང་། སྤྲོ་གསེང་། ཁམས་གསོ། བྱིས་བཅོལ་སོགས་ཀྱི་ཞབས་ཞུའང་ལོངས་སྤྱོད་ཐུབ་པས། འཚོ་བའི་སྤུས་ཚད་ཇེ་ལེགས་སུ་སོང་ཡོད།
རྒན་པ་དང་བྱིས་པ་ནི་སྡེ་ཁུལ་གྱི་རྒྱུན་སྡོད་མི་སྣ་ཡིན་པ་མ་ཟད། ལྷག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་གནང་སའང་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པས་སྤུས་ཚད་མཐོ་བའི“རྒན་གཅིག་བྱིས་གཅིག”གི་ཞབས་ཞུའི་མ་ལག་མགྱོགས་མྱུར་སྒོས་བསྐྲུན་རྒྱུར་སྐུལ་འདེད་བཏང་། ད་ལྟ་སྡེ་ཁུལ་གྱི་རྒན་པ་ཚོ་རྒན་པར་རོགས་རམ་བྱེད་པའི་དྲོ་སྐྱིད་ཟ་ཁང་ཁྲི་བརྒྱད་ལ་སོང་ནས་ཟ་མ་ཟས་ཆོག ཁྱིམ་ཚང་གི་རྒན་གསོའི་མལ་ཁྲི་འབུམ་བཞི་དང་ཁྲི་དགུ་སྟོང་ལྔ་ཡིས་ཆེད་ལས་ལྟ་སྐྱོང་ཁོ་ཚོའི་གམ་དུ་བསྐྱལ་ཡོད། བྱིས་པ་བཅོལ་དཀའ་བའི་གནད་དོན་ཐག་གཅོད་ཆེད། ཀུན་ཕན་རང་བཞིན་གྱི་བཅོལ་གནས་ས་ཡ་གསུམ་དང་འབུམ་གསུམ་ཁྲི་གཉིས་ལ་སླེབས་པ་དང་། ད་ལོར་ད་དུང་འབུམ་གཅིག་དང་ཁྲི་ལྔ་གསར་དུ་སྣོན་རྩིས་ཡོད། མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་སྟབས་བདེ་བསྐྲུན་ཆེད། “བྱ་བ་གཅིག་ནུས་མཐོའི་ངང་སྒྲུབ་པའི”བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རྒྱལ་ཁབ་ཀྱི་ངོས་ཐད་ནས། འབྲེལ་ཡོད་ལས་དོན་གཙོ་བའི་གསལ་ཐོ་ཁག་ལྔ་དང་དོན་ཚན་ང་ལྔ་བཏོན་ཏེ། ཕྲུ་གུ་དམར་འབྱར་ནས་སློབ་གྲྭར་ཞུགས་པའི་བར་དང་། མི་སྒེར་གྱིས་ལས་གཏོད་བྱེད་པ་ནས་སྟབས་བསྟུན་ལས་ཞུགས་འགན་བཅོལ་ནང་ཞུགས་པའི་བར། “བྱ་བ་གཅིག་ནུས་མཐོའི་ངང་སྒྲུབ་པ”དེ་ཡིས་སྲིད་དོན་ཞབས་ཞུའི“བཅོས་སྒྱུར་གསལ་ཐོའི”རྒྱུན་རྣམ་ཅན་དེ་མང་ཚོགས་ཀྱིས་ལས་དོན་སྒྲུབ་སྐབས་ཚོར་ཐུབ་པའི“སྟབས་བདེའི་གསལ་ཐོ”རུ་བསྒྱུར།
དུས་མཚུངས་སུ། སྡེ་ཁུལ་ཞབས་ཞུའི་གནད་ཁེལ་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་ཇེ་མཐོ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བྱ་བའི་ཞབས་ཞུའི་ས་ཚིགས་ཀྱི་གྲངས་འབོར་ཁྲི་3ལྷག་ཟིན་ཡོད་པ་རེད། ཉིན་འདི་གཉིས་ལ། ཞི་ཨན་སི་ཅི་ཁྲང་ཨན་སྡེ་ཁུལ་གྱི་སྡོད་དམངས་ཚོ་ཐོག་ཁང་གི་འོག་ཏུ་བསྡད་དེ་སྡེ་ཁུལ་གྱི་ལས་བྱེད་པ་དང་དྲ་མིག་པར་ཁ་བརྡ་བྱེད་ཞོར་སྲིད་ཇུས་བློ་འདྲི་དང་རྩོད་གཞི་འདུམ་འགྲིག་སོགས་ཀྱི་བྱ་བ་ཙག་ཙིག་དང་སེམས་ཁྲལ་བྱེད་པའི་བྱ་བ་བསྒྲུབས་པ་རེད།
ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཁྲང་ཨན་ཆུས་ཝུའེ་ཆུས་ཁྲོམ་གཞུང་སི་ཅི་ཁྲང་ཨན་སྡེ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཉིའུ་ཕེང་དབྱིང་གིས་བཤད་རྒྱུར། སྡོད་དམངས་ཀྱི་རེ་ཞུ་ཁག་གཅིག་ཐད་ཀར་ཤེས་རྟོགས་ཐུབ་ནས་ཐག་གཅོད་ཐུབ་པའི་གནད་དོན་ཡུལ་དངོས་སུ་ཐག་བཅད་པ་ཡིན།
མང་ཚོགས་དཀའ་ངལ་ལ་འཕྲད་ན་རེ་ཞུ་བྱེད་ས་ཡོད་པ་དང “དོན་དག་ཡོད་ཚེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཚོལ་བ”དེ་ཐུན་མོང་གི་ངོས་འཛིན་ཞིག་ཏུ་འགྱུར་བཞིན་ཡོད། ད་ལོར་རང་རྒྱལ་གྱིས་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་རྫོང་རིམ་པར་ཁྱབ་པའི་རྨང་གཞིའི་ཐོག་ད་དུང་རྒྱལ་ཡོངས་ཀྱི་ཞང་དང་གྲོང་རྡལ་(ཁྲོམ་གཞུང)ཁྲི་གསུམ་དང་སྟོང་བརྒྱད་དུ་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།
དེ་དང་ཆབས་ཅིག་དམངས་འཚོའི་སྲིད་ཇུས་རབ་དང་རིམ་པ་དམངས་སེམས་དང་ཐད་ཀར་འབྲེལ་ནས། བརྟན་ལྷིང་གི་བདེ་སྐྱིད་མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱལ་བ་རེད། གཞིས་ཁུལ་རྙིང་པའི་རྒྱུན་མཐུད་རྣམ་པ་གསར་པ་བཏོད་ནས་གློག་སྐས་བཙུགས་པ་དང་། སྤྱི་གླིང་ཆུང་ཆུང་གིས་མི་རྣམས་ལ་ཕྱི་རོལ་དུ་སྔོ་ལྗང་མཐོང་རྒྱུ་ཡོད་པ་དང་། ས་འོག་སྦུག་དྲའི་སྒྱུར་བཀོད་ཀྱིས་སྡོད་དམངས་ཀྱི་བློ་བདེ་བར་བྱས་ཡོད། ཧྲན་ཏུང་ཆིང་ཏའོ་རུ། བྱ་བ་འདི་དག་གྲོང་ཁྱེར་བརྟག་བཤེར་དང་མཉམ་དུ་བསྒྲུབ་བཞིན་ཡོད་ལ། གྲོང་མིས་ཡར་ཞུ་བྱས་པའི་གནད་དོན་དེ་གྲོང་ཁྱེར་གྱི་གནས་ཚུལ་བརྟག་དཔྱད་བྱེད་པའི་ཆ་འཕྲིན་ལས་སྟེགས་སུ་ཕྱོགས་བསྡུས་བྱས་ནས། གནད་དོན་གྱི་གསལ་ཐོ་དེ་སྒྱུར་བཀོད་གསལ་བོ་རུ་འགྱུར་བཞིན་ཡོད།
ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཧྲིས་པེ་ཆུས་ཧའེ་ལུན་ལམ་ཁྲོམ་གཞུང་ཨན་ཏ་ལམ་སྡེ་ཁུལ་གྱི་གྲོང་མི་ལིན་རུང་གིས་བཤད་རྒྱུར །ང་ཚོའི་འགུལ་སྐྱོད་བར་སྟོང་ཆེ་རྒྱུ་མེད། ང་ཚོས་གནས་བརྟག་དཔྱད་བྱེད་པའི་ཆ་འཕྲིན་སྟེགས་བུ་འདི་བརྒྱུད་ནས་བསམ་འཆར་ཡང་རེ་ཞུ་བྱས་ཡོད་ལ། ད་ལྟ་ད་རུང་ཨར་ལས་ལ་བྲེལ་བཞིན་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་”འཆར་འགོད་རྩ་གནད་ལས། “གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་”དེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་གནས་བབ་གལ་ཆེན་ཐོག་བཞག་ནས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད། གསར་དུ་ཁྱབ་བསྒྲགས་བྱས་པའི《གྲོང་ཁྱེར་གསར་བསྒྱུར་གྱི་“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད》ནང་། ས་འོག་སྦུག་དྲ་སྤྱི་ལེ་འབུམ་བདུན་དང་ཁྲི་བདུན་འཛུགས་སྐྲུན་སྒྱུར་བཀོད་དང་། གཞིས་ཁུལ་རྙིང་པ་འབུམ་གཅིག་དང་ཁྲི་གཅིག་སྟོང་ལྔ་སྒྱུར་བཀོད་བྱེད་པ། དེ་བཞིན་བརྟན་བརླིང་རིམ་ལྡན་ངང་གྲོང་ཁྱེར་ནང་གི་གྲོང་ཚོའི་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཏོན་ཡོད་ལ། བྱ་ཐབས་རབ་དང་རིམ་པ་སྤྱད་དེ་སྡེ་ཁུལ་གྱི་ཞན་ཆ་མགྱོགས་མྱུར་ངང་གསབ་པ་དང་། ནུས་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། དམངས་འཚོའི་བདེ་སྐྱིད་ཆེ་རུ་ཕྱིན་ཡོད།
སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་གྲོང་ཁྱེར་དོ་དམ་ལྟ་སྐུལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་སུང་གིས་བཤད་རྒྱུར། ང་ཚོས་སྟབས་བསྟུན་གྱི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་གྱི་དོ་དམ་སྟོབས་ཤུགས་སྡེ་ཁུལ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱིས་མི་རྙེད་ཐུབ་པ་དང་བྱ་བ་སྒྲུབ་ཐུབ་པར་ཏན་ཏིག་གིས་འགན་ལེན་བྱ་རྒྱུ་ཡིན་ལ། ས་གནས་ཀྱིས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། “བཀའ་བརྡ་དང་ལེན”དང་“ཞུ་གཏུག་དང་ལེན་འཕྲལ་སྒྲུབ”བེད་སྤྱོད་བྱས་ཏེ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་རམ་འདེགས་བྱ་རྒྱུ་ཡིན་པ་དང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐངས་ནས། གྲོང་ཁྱེར་དོ་དམ་དང་གཞི་རིམ་བཅོས་སྐྱོང་གི་ཕྱོགས་གཉིས་ནུས་འདོན་མངོན་འགྱུར་ཡོང་བ་བྱེད་རྒྱུ་ཡིན།