
ཟླ7པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོགས་ནས་བདེ་འཇགས་ཐོན་སྐྱེད་དང་དམངས་འཚོའི་ཁྱབ་ཁོངས། ཞོད་འགོག་དང་ཆུ་ལོག་གི་ས་གཤིས་གནོད་འཚེ་སོགས་ཕྱོགས་གསུམ་ཐད་ཀྱི་བདེ་འཇགས་ལས་འཛོལ་གྱི་དཔེ་མཚོན་གྱོད་དཔེ9 ཁྱབ་བསྒྲགས་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་སྤྱིའི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་དུས་རིམ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཚོགས་ཐོག་ཏུ་ངེས་པར་དུ་ཉུང་གསུམ་མང་གསུམ་བསྒྲུབ་དགོས་པ་སྟེ། གཞུང་ལས་ཁང་དུ་སྡོད་རྒྱུ་ཉུང་དུ་གཏོང་བ་དང་ཉེན་ཁའི་གནས་སུ་འགྲོ་རྒྱུ་མང་དུ་གཏོང་བ། ཡིག་ཐོག་སྙན་ཞུར་ཉན་རྒྱུ་ཉུང་དུ་གཏོང་བ་དང་ཡུལ་དངོས་ཀྱི་གནས་ཚུལ་དངོས་ཞིབ་བཤེར་བྱེད་རྒྱུ་མང་དུ་གཏོང་བ། རྩིས་ཁྲ་དང་དཔྱད་ཡིག་ཉུང་དུ་གཏོང་བ་དང་ཡུལ་དངོས་དག་ཐེར་བྱེད་རྒྱུ་མང་དུ་གཏོང་བ་བཅས་བྱེད་དགོས་པ་ནན་བཤད་བྱས།
ཚོགས་ཐོག་ཏུ་ཤུགས་སྣོན་བཞི་མཐའ་འཁྱོངས་བྱེད་དགོས་ལ། སྔོན་འགོག་བཅུ་སྟོང་བར་གྱུར་ཀྱང་ལས་འཛོལ་གཅིག་མི་ཡོང་བའི་ཚད་མཐའི་བསམ་ཕྱོགས་ཤུགས་ཆེ་རུ་གཏོང་དགོས་པ་དང་། འགན་འཁྲི་གནད་དུ་འཁེལ་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལྷོད་གཡེང་དུ་མི་གཏོང་བའི་འཐབ་རྩོད་སྙིང་སྟོབས་ཤུགས་ཆེར་གཏོང་དགོས་པ། འཕྲལ་བསྟུན་གྱིས་གནས་སྐབས་བཅོས་སྐྱོང་དང་རྒྱུན་ལྡན་གྱིས་རྩ་བ་ནས་བཅོས་སྐྱོང་"ཞེས་པའི་ལས་ཀའི་བསམ་ཕྱོགས་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཡིན། ལམ་ལུགས་དྲུག་དོན་འཁྱོལ་ནན་མོ་བྱེད་དགོས་པ་སྟེ། རྒྱུན་ལྡན་གྱི་ལྟ་སྐུལ་མཛུབ་སྟོན་དང་ཆེད་དོན་ལྟ་སྐུལ། གྱོད་དཔེའི་ཉེན་བརྡ། དུས་གཏན་བཀོད་གཏོང་། རིམ་སྤར་བརྟན་སྲུང་། དབང་སྣོན་དཔྱད་ཞིབ་སོགས་ལམ་ལུགས་དྲུག་བརྒྱུད་དེ། འགན་འཁྲི་ཁ་གསལ་དང་མཉམ་ལས་ཆོད་ཆེའི་ལས་ཀའི་མ་ལག་འཛུགས་དགོས། སྲིད་འཛིན་དང་རྩ་འཛུགས། སྒྲིག་ཁྲིམས། བཅའ་ཁྲིམས་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱས་ཏེ། བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་མི་དང་དོན་དག་ཡོད་ཚད་ཐག་གཅོད་བྱས་ནས་མཐིལ་རྟོགས་སྒོས་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། སྐྱེ་ཁམས་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས། ཚེ་སྲོག་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས།
མི་ཕམ་གྱིས་བསྒྱུར།