
འགྲན་རིམ་ལྔ་པའི་གནམ་གཤིས་མི་ལེགས་པ་ལས་ལྕགས་རྟའི་འགྲན་ཞུགས་མཁན་གྱི་ནུས་ཤུགས་ལ་ཟད་གྲོན་ཆེན་པོ་བཟོས་ཡོད། འོན་ཀྱང་དེ་རིང་སྐབས་འདིའི་འགྲན་སྡུར་གྱི་ལམ་ཐག་ཆེས་རིང་ཤོས་ལ་གདོང་མི་གཏོད་ཐབས་མེད་བྱུང་བས། གནོན་ཤུགས་ཧ་ཅང་ཆེ་བའི་ཉིན་མོ་ཞིག་རེད།
ཟླ7ཚེས16ཉིན། 2026ལོའི་སྐབས་ཉེར་ལྔ་པའི་མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་བསྡུར་དེ་འགྲན་རིམ་དྲུག་པར་སླེབས་ཤིང་། འགྲན་རིམ་འདིའི་སྤྱིའི་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ233 ཡོད་པ་དང་། དེ་རུ་རིམ་རྩིས་བྱས་ན་གྱེན་འཛེག་བྱེད་ས2 དང་གདོང་མཆོང་བྱེད་ས4བཙུགས་ཡོད། གྱེན་འཛེག་བྱེད་ས་རིམ་པ་གཉིས་པ་དང་གསུམ་པ2ལས་མེད་ཀྱང་མཚོ་འཕགས་མཐོ་ཚད་སྨི3500ཡན་ཟིན་ཡོད་པས་དཀའ་ལས་ཁག་པོ་ཡིན་ངེས། ལམ་ཐིག་ཏུ་གདོང་མཆོང་བྱེད་ས4བཙུགས་པ་དེ་མྱུར་ཚད་ཐོབ་སྐར་གྱི་ཨང་རིམ་གསལ་པོ་ཡོང་བའི་ཆེད་ཡིན་མོད། འོན་ཀྱང་རུ་ཁག་སོ་སོས་ཚོགས་པའི་ངོས་ནས་མྱུར་ཚད་ཐོབ་སྐར་ལེན་འདོད་ཚེ། ཐོག་མར་གདོང་གཏད་དགོས་པ་ནི་ཟུར་རླུང་གི་ཉམས་སད་ཐེག་ཐུབ་དགོས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།