
ཟླ7པའི་ཚེས19ཉིན། 2026ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུད་མདའ་འཕེན་འགྲན་སྡུར་སྐབས་བཅུ་གཅིག་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་སྤེལ་འགོ་བརྩམས། འགྲན་སྡུར་དུ་བྷང་ག་ལ་རྒྱལ་ཁབ་དང་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ། མོ་རོ་ཁོ་རྒྱལ་ཁབ་སོགས་རྒྱལ་ཁབ9ཞུགས་ཡོད་ལ། ཁྱོན་སྡོམ་རྒྱལ་ཁ་ཕྱི་ནང་གི་འཐུས་ཚབ་རུ་ཁག88དང་། མདའ་རྩལ་བ་སྟོང་ལྷག་ཞུགས་ནས་ཉིན་ལྔའི་རིང་གི་ངོ་མཚར་བའི་འགྲན་སྡུར་སྤེལ་འགོ་བརྩམས།
བྱེད་སྒོའི་ཡུལ་དངོས་སུ། འགོ་རྩོམ་ཞབས་བྲོ《རྔ་ཆེན་དུས་སྟོན》ཞེས་པའི་ཤར་ནུས་མཉམ་འབྲེལ། རིག་གནས་ཡུལ་སྐོར་མཉམ་དར་གྱི་སྙན་འཇེབས་རོལ་དབྱངས་གྲགས་པ་དང་བསྟུན་ནས། འགྲན་སྡུར་གྱི་བརྗོད་དོན་གླུ་དབྱང《རྐང་ཚྭའི་མདའ་རྩལ། ལྷ་མཚོའི་གཟི་ཉམས》ཞེས་པ་ལས་ཕྱོགས་བཞིའི་མགྲོན་པོ་བོད་མཁར་དུ་འཛོམས་པའི་མཛའ་བརྩེའི་འབོད་སྒྲ་ཐོས་ཐུབ། ངོ་མཚར་བའི་འཁྲབ་སྟོན་ཟམ་མི་ཆད་པར་མཐོང་ལམ་དུ་མངོན་ཡོང་བས། རྒྱལ་ཁ་ཕྱི་ནང་གི་མགྲོན་པོ་རྣམས་ལ་བོད་མཁར་རྐང་ཚའི་མཛེས་སྡུག་མཐོང་ཐུབ་པར་བྱས།
ཐེངས་འདིའི་འགྲན་བསྡུར་གྱི་བརྗོད་བྱ་གཙོ་བོ་ནི་"བོད་མཁར་རྐང་ཚ། མདའ་མོའི་ངོ་མཚར"ཞེས་པ་དེ་ཡིན་ལ། ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་མཛུབ་སྟོན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྐང་ཚ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས་པ་རེད།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།