
ཟླ8པའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ7པའི་ཟླ་སྨད་དུ། མཚོ་སྔོན་ཡུལ་སྐོར་ཁྲོམ་རས་རྟ་ཐོག་གི་དུས་ཚོད་བསུས། མཚོ་སྔོན་པོ་རྟགས་མའི་རྩྭ་ཐང་རྟ་རྒྱུག་འགྲན་སྡུར་སྐབས་གཉིས་པ་དང་ཡུས་ཧྲུའུ་རྟ་རྒྱུག་འགྲན་སྡུར་སྐབས་ཞེ་བཞི་པ་གཉིས་སྔ་རྗེས་རྟིང་མནོན་དུ་སྤེལ་ཏེ། མཐོ་སྒང་དུས་སྟོན་ཡུལ་སྐོར་དེ་ད་ལོའི་དབྱར་ཁའི་རིག་གནས་ཡུལ་སྐོར་ཁྲོམ་རའི་ཁྱད་ཆོས་ཤིག་ཏུ་གྱུར།
ཐུང་ཁྲིན་ཡུལ་སྐོར་གྱི་གཞི་གྲངས་ལྟར་ན། ཟླ7པའི་ཚེས29ཉིན་བར་དུ། རྟ་རྒྱུག་འགྲན་སྡུར་ཚོགས་སའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་འཚོལ་ཞིབ་ཚ་རླབས་དེ་ཟླ་སྔོན་མ་ལས་སོ་སོར87%དང94%འཕར་བ་དང་། མཚོ་སྔོན་ལ་འཕུར་བའི་གནམ་གྲུའི་པ་སེ་ཉོ་ཚད་རྒྱུན་ལྡན་ལས46%འཕར་ལ། དུས་སྟོན་གྱི་སྐབས་སུ་ཉེ་འཁོར་གྱི་གསོལ་མགྲོན་ཁང་གི་མངག་ཐོའི་ཚད41%འཕར། ཡུལ་སྐོར་བ་ཆ་སྙོམས་ཀྱི་ཞག་སྡོད་དུས་ཚོད་རྒྱུན་ལྡན་ལས་ཉིན་གཅིག་དང་གཉིས་ལས་ཇེ་རིང་དུ་གྱུར་ཞིང་། ཡུལ་སྐོར་བ་འདུག་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ལ། ཉི་རྩེའི་དུས་ཀྱི་རྟ་མཆོག་ཁྲི་ཡི་བང་རྩལ་ལ་སྒུག་ཡོད་པ་རེད།
འགྲུལ་ཚོགས་ཀྱི་གྲུབ་ཚུལ་ལ་བལྟས་ན། སྣ་མང་ཅན་གྱི་ཁྱད་ཆོས་མངོན་གསལ་རེད། པེ་ཅིན་དང་ཁྲིན་ཏུའུ། ཞི་ཨན་གསུམ་འགྲུལ་ཁུངས་ཀྱི་མདུན་གྲལ་དུ་ཡོད་ཅིང་། 00རྗེས་དང་བུ་ཕྲུག་ཡོད་པའི་ཁྱིམ་ཚང་བསྡོམས་གྲངས་བཅུ་ཆའི་དྲུག་ལས་བརྒལ་ཡོད། ན་གཞོན་ཡུལ་སྐོར་བ་རྟ་རྒྱུག་དང་སྐར་ཚོགས་ཀྱི་མཐོ་སྒང་གི་རྣམ་པར་ཡིད་སེམས་རབ་ཏུ་བརྟས་ཤིང་། བུ་ཕྲུག་ཡོད་པའི་ཁྱིམ་ཚང་ནི་འབྲོག་ཁྱིམ་ཉུལ་ཞིང་། བོད་ལྭ་གྱོན་པ། རྟ་རྒྱུག་ལ་ལྟ་བ་བཅས་ཀྱི་དབྱིངས་ཞུགས་རྣམ་པའི་ཉམས་ལེན་ལ་དགའ་བ་རེད།
ཐུང་ཁྲིན་ཞིབ་འཇུག་གླིང་གིས་དབྱེ་ཞིབ་བྱས་པ་ལྟར་ན། མཚོ་སྔོན་མཐོ་སྒང་གི་དུས་སྟོན་ཉུལ་བ་དར་རྒྱས་བྱུང་བས། དོན་དངོས་སྟེང་ཡུལ་སྐོར་བས་ཉུང་དཀོན་རང་བཞིན་གྱི་ཉམས་ལེན་ལ་བརྩོན་ལེན་བྱེད་པ་དེ་རེད། དེ་ནི་རྒྱུན་ལྡན་གྱི་རི་ཆུའི་ལྗོངས་གཟིགས་དང་མི་འདྲ་བར། རྟ་རྒྱུག་འགྲན་སྡུར་འདིའི་རིགས་ལ་གདོད་མའི་མི་རིགས་དུས་སྟོན་གྱི་བསྒྲུན་དུ་མེད་པའི་རིག་གནས་རིན་ཐང་ཡོད་ཅིང་། འདིས་ཉམས་ལེན་དགོས་མཁོ་ཟབ་མོ་སྐོང་ཐུབ་པར་མ་ཟད། སྤྱི་ཚོགས་འབྲེལ་འདྲིས་དང་སེམས་ཁམས་མཉམ་སྤྱོད་ལ་མཐུན་པ་རེད། རིག་གནས་ཡུལ་སྐོར་རྒྱུན་ཆད་མེད་པར་ཟབ་སྤེལ་བྱས་པ་དང་བསྟུན། ས་གནས་རིག་གནས་ཀྱི་ཁྱད་ལྡན་དུས་སྟོན་དང་དམངས་སྲོལ་ཉམས་ལེན་མང་པོ་ཚུད་ཡོད་པས། དམིགས་སའི་བར་ཁྱད་ཅན་གྱི་འགྲན་རྩོད་དེ་སྲོག་ཤིང་དུ་འཛིན་པར་འགྱུར་ཞིང་། སྲོལ་རྒྱུན་རིག་གནས་ཀྱི་ཉམས་མེད་རྒྱུན་འཛིན་ལ་ཁྲོམ་རའི་གསོན་ཤུགས་གསར་བའང་སྩོལ་རྒྱུ་རེད།