དབུས་ཤར་རྒྱུད་དུ་བསྟུད་མར་ཆར་བབས་པས་ས་གནས་ཁག་དང་སྡེ་ཁག་སོ་སོས་བྱེད་ཐབས་སྣ་མང་སྤྱད་དེ་ཁ་གཏད་འཇལ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

བསྟུད་མར་ཉིན་འགའི་རིང་ཆར་བ་བབས་ནས་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་པོར་རྒྱུན་མཐུད་ངང་ཤུགས་རྐྱེན་ཐེབས་པའིད་བང་གིས། འབྲེལ་ཡོད་ས་གནས་དང་སྡེ་ཁག་སོ་སོས་དུས་ཐོག་ཏུ་བྱེད་ཐབས་སྤྱད་དེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱས།

ཟླ8པའི་ཚེས12ཉིན་ནས་དེ་རིང་བར་དུ། ཆར་བ་བབས་ནས་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་པོར་ཤུགས་རྐྱེན་ཐེབས་ཡོད། པེ་ཅིང་དང་ཐེན་ཅིན། ཧོ་པེ། ཧོ་ནན།  ཧུའུ་པེ། ཨན་ཧུའེ་སོགས་ས་ཁུལ་ཁག་གཅིག་ལ་དྲག་ཆར་ཆེན་པོ་བབས།

ཚེས13ཉིན་གྱི་ཐོ་རེངས་དུས་ཚོད2ཀྱི་སྟེང་དུ། ཧོ་ནན་ཞིང་ཆེན་གྱིས་ལུའོ་ཧོ་གྲོང་ཁྱེར་ཝུའུ་དབྱང་རྫོང་དུ་གནས་པའི་ཉི་ཧོ་ཝ་ཆུ་ལོག་གསོག་ཁུལ་དངོས་སུ་སྤྱོད་མགོ་བརྩམས་པ་དང་། བརྡ་ཐོ་འབྱོར་རྗེས་ཚང་མ་འཕྲལ་དུ་ལས་ཀར་ཞུགས།

སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ། སུང་ཝུན་ཅིན་གྱིས་བཤད་རྒྱུར། ང་ད་ལྟ་ཡོད་སའི་ཧོ་ནན་ལུའོ་ཧོ་གྲོང་ཁྱེར་ཚལ་ཡོན་ལིའུ་སྡེ་བ་ནི་ཉི་ཧོ་ཝ་ཆུ་ལོག་བཀག་ཁུལ་དུ་གནས་ཡོད། ངའི་རྒྱབ་ཀྱི་སྤྱི་སྤྱོད་རླངས་འཁོར་ཆེ་གྲས་ནི་ཆེད་དུ་མང་ཚོགས་ལེན་དུ་ཡོང་བ་རེད། སྐར་ཆ་རེ་རེ་བརྩོན་ལེན་བྱས་ཏེ། ཚང་མ་བདེ་འཇགས་ངང་བཀོད་སྒྲིག་ཁུལ་དུ་བསྐྱོད་པར་རྩ་འཛུགས་བྱེད་ཀྱིན་ཡོད།

ཚལ་ཡོན་ལིའུ་སྡེ་བ་རུ་མི460གནས་སྤོར་བྱེད་དགོས། གྲོང་རྡལ་དང་སྡེ་བའི་ལས་བྱེད་པ་རུ་ཁག་ཆུང་བ་མང་པོར་བགོས་ནས་ཁྱིམ་ཚང་ཁག་བགོས་བྱས་ཏེ་རེ་རེ་བཞིན་ཞིབ་བཤེར་བྱེད་ཀྱིན་ཡོད། ཉི་ཧོ་ཝ་ཆུ་ལོག་གསོག་ཁུལ་སྤྱོད་མགོ་མ་བརྩམས་པའི་སྔོན་ལ། ཞང་དང་གྲོང་རྡལ2དང་སྡེ་བ10ཡི་མི4567ཚང་མ་སྔ་སྣུར་སྒོས་བདེ་འཇགས་ངང་གནས་སྤོར་བྱས་ཡོད།

དྲག་ཆར་གྱི་ཤུགས་རྐྱེན་ཐེབས་པའི་དབང་གིས། ཧོའེ་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་ཆུ་ལག་ཁག་གཅིག་གི་ཆུ་གནས་ཇེ་མཐོར་ཕྱིན་ཡོད། ཧོའེ་ཧོ་ཆུ་བོའི་ཆུ་ལག་ཡིན་པའི་ཨན་ཧུའེ་ཡི་དབྱིང་ཧོ་ཆུ་བོའི་ཆུ་གནས་འཕར་ཚད་སྔར་ལས་མགྱོགས། དེ་རིང་སྔ་དྲོ་ས་གནས་དེ་གའི་ཆུ་བེད་སྡེ་ཁག་གིས་མིས་བཟོས་ཆུ་ལམ་ཚི་ཧོའེ་ཞིན་ཧི་སྤྱད་དེ། དབྱིང་ཧོ་ཆུ་བོའི་ཆུ་ལོག་ཕྱིར་འཕུད་ནས་འབབ་རྒྱུད་ཀྱི་ཆུ་ལོག་སྔོན་འགོག་གི་གནོན་ཤུགས་ཚད་མཐོན་པོས་ཇེ་ཆུང་དུ་བཏང་། 

བསྟུད་མར་ཆར་པ་དྲག་པོ་བབས་ནས་ཧུའུ་པེའི་ས་ཆ་མང་པོའི་ཞིང་ཁ་ཆུས་བསྣུབས་ཤིང་། ཞང་དབྱང་དུ་ས་གནས་ཀྱིས་འཕྲལ་དུ་ཆུ་འཐེན་འཕྲུལ་འཁོར་ཆ་ཚང5200ལྷག་བཀོད་སྒྲིག་བྱས་ནས། བསགས་ཆུ་མགྱོགས་མྱུར་སྒོས་ཕྱིར་འཕུད་དེ། ཞིང་ཁ་ཆུས་བསྣུབས་པའི་གྱོང་གུད་ནུས་ཤུགས་ཡོད་རྒུས་ཇེ་ཆུང་དུ་གཏོང་བཞིན་པའི་དུས་མཚུངས་སུ། སྒྲིག་ཆས་དྲོད་ཁང་མུའུ7300ལྷག་སྔར་ལས་ཇེ་བརྟན་དུ་བཏང་ཡོད།

རྒྱལ་ཁབ་གནོད་འཕྲི་རྒུད་སྐྱོབ་གཞུང་སྒྲུབ་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཉིན་འགའི་སྔོན་ལ། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས་དང་མཉམ་དུ། ཧོ་ནན་དང་ཧོ་པེ་རུ་ལྟེབ་རྩེག་ཉལ་ཁྲི་དང་ཉལ་གོས། ཁྱིམ་ཚང་གི་འཕྲལ་བསྟུན་ཁུག་མ་སོགས་ཀྲུང་དབྱང་གི་གནོད་སེལ་དངོས་ཟོག་ཁྲི2བྱིན་ནས། གནོད་ཐེབས་ས་ཁུལ་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་རོགས་སྐྱོབ་དང་འཚོ་བའི་འགན་ལེན་བྱ་བ་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས།

གནམ་གཤིས་སྡེ་ཁག་གིས་ད་ཐེངས་ཆར་པ་འབབ་རྒྱ་ཆེ་བ་དང་ལྷག་པར་དུ། ཧོ་ནན་དང་ཧྲན་ཏུང་། ཧུའུ་པེ་སོགས་ས་ཁུལ་དུ་རྒྱུན་མཐུད་དུས་ཡུན་ཅུང་རིང་བར་བརྟེན། ཆུ་ལོག་དང་ས་གཤིས་གནོད་འཚེ། ཆུ་བོ་ཆུང་འབྲིང་གི་ཆུ་ལོག གྲོང་ཁྱེར་གྱི་དྲག་ཆར་དང་ཞོད་སྐྱོན་བཅས་དུས་ངེས་མེད་དུ་འབྱུང་སྲིད་པས། སྤྱི་དམངས་ཀྱིས་དོགས་ཟོན་ཇེ་མཐོ་དང་དོགས་ཟོན་དང་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་དྲན་སྐུལ་བྱས།