
ཟླ9བའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། རང་ཞིང་གིས་རྒྱུན་མཐུད་ངང་ས་ཡོམ་ལྟ་ཞིབ་ཚད་ལེན་སྔོན་བརྡའི་མ་ལག་རིམ་འཕར་བྱས་ཏེ། རྒྱལ་ཁབ་ཀྱི་ས་གཡོའི་གཏོར་ཚད་མྱུར་གཏོང་དང་སྔོན་བརྡའི་བཟོ་སྐྲུན་མཚོ་སྔོན་ཡན་ལག་ལས་གཞི། མཚོ་བོད་མཐོ་སྒང་ལྟ་ཞིབ་ཚད་ལེན་ནུས་པ་མཐོར་འདེགས་གཏོང་བ་སོགས་ཀྱི་གཙོ་གནད་ལས་གཞི་དོན་འཁྱོལ་བྱས་པ་དང་། རིགས་སོ་སོའི་ལྟ་ཞིབ་ཚད་ལེན་ས་ཚིགས་དྲུག་བརྒྱ་ལྷག་འཛུགས་གྲུབ་བྱས་ཏེ། མཐོ་སྒང་ས་ཡོམ་བདེ་འཇགས་འགོག་ར་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་།
རྒྱུས་ལོན་པ་ལྟར་ན། ད་ལྟ་ཟི་ལིང་མཐའ་འཁོར་གྱི་ས་ཡོམ་ལྟ་ཞིབ་ཚད་ལེན་ནུས་པ་རིམ་པ1.0ལ་སླེབས་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་ལྟ་ཞིབ་ནུས་པ་རིམ་པ2.5ལ་སླེབས་ཡོད། མར་སྟེང་དང་གཡང་འཁྱུལ་ཆུ་གློག་ས་ཚིགས། ལིན་ཧུའུ་འཛམ་གླིང་རིམ་པའི་གནམ་དཔྱད་ཚད་འཇལ་རྟེན་གཞིའི་ས་ཡོམ་ཆེད་སྤྱོད་ལྟ་ཞིབ་ཚད་ལེན་དྲ་བ་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ། ཆུ་གློག་ས་ཚིགས་གཙོ་གནད་ས་ཁུལ་གྱི་ས་ཡོམ་ལྟ་ཞིབ་ཚད་ལེན་ནུས་པ་རིམ་པ0.5ལ་སླེབས་པ་དང་། རྨང་གཞིའི་སྒྲིག་ཆས་གཙོ་བོར་ཞབས་ཞུ་བྱེད་པའི་ས་ཡོམ་ཉེན་ཁའི་ལྟ་ཞིབ་ཚད་ལེན་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་བཏང་ཡོད།
དེ་དང་མཉམ་དུ། རང་ཞིང་གི་འཕྲལ་བསྟུན་ཐག་གཅོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་སོང་ཡོད། ནུས་མཐོའི་ངང་རྨ་སྟོད་དང་མིན་ཡོན། ཅིས་ཧྲི་རི་བོ། ཚྭ་འདམ་གཞུང་ཆེ་བ། ཞིན་ཧེ་སོགས་སུ་ས་འགུལ་ཐེངས་མང་བྱུང་བ་ཐག་གཅོད་བྱས་པ་དང་། བོད་ལྗོངས་ཏིང་རིའི་ས་ཡོམ་འཕྲལ་བསྟུན་རོགས་སྐྱོབ་ཁྲོད་དུའང་ཞུགས་ཡོད། རྒྱུན་རྣམ་ཅན་གྱི་སློབ་རའི་འཕྲལ་བསྟུན་སྦྱོང་བརྡར་སྤེལ་ནས། ཉེན་གཡོལ་དཔེ་གཞི་མང་བོ་ཞིག་རྒྱལ་ཡོངས་ཀྱི་དཔེ་མཚོན་ཁྲོད་བདམས། རྒྱུན་མཐུད་ངང་ཡོམ་འགོག་རྒུད་སྐྱོབ་ཀྱི་སྤྱི་བའི་ཞབས་ཞུ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་བ་དང་། 《མཚོ་སྔོན་ཞིང་ཆེན་ས་ཡོམ་ཉེན་བརྡའི་དོ་དམ་བྱེད་ཐབས》ཞེས་པ་བཏོན་ཏེ། བཟོ་སྐྲུན་གལ་ཆེན་གྱི་ཡོམ་འགོག་བླང་བྱ་སྦྲེལ་ཐག་ཧྲིལ་བོའི་ཕྲ་ཞིབ་ཚད་ལེན་དོ་དམ་མ་ལག་བསྐྲུན་ཡོད་ལ། ཁྲིམས་སྐྱོང་རྟོག་ཞིབ་ཁག་མང་པོའི་གྲུབ་འབྲས་ལ་ཞིང་ཆེན་རིམ་པའི་ཕུལ་བྱུང་བྱ་དགའ་ཐོབ།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།