
མིག་སྔར། རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་དབྱར་མཚོ་ལྟར་གོང་དུ་འཕེལ་ཏེ། ལས་རིགས་གསར་པ་དང་ལས་གནས་གསར་པ་རྒྱུན་ཆད་མེད་པར་ཐོན་པར་བྱས་ལ། ཐོན་ལས་རིམ་འཇུག་རིམ་སྤོར་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། ལས་ཞུགས་ཀྱི་བག་ཤུགས་གསར་པ་ཡང་འཕེལ་བར་བྱས།
པེ་ཅིང་གི་འཕྲུལ་མི་སྦྱོང་བརྡར་ར་བ་རུ། ན་གཞོན་སྐོར་ཞིག་གིསVRསྒྲིག་ཆས་དང་འཕྲུལ་ཆས་ཀྱི་དཔུང་བ་སོགས་རྒྱང་བརྟེན་སྒྲིག་ཆས་ལ་བརྟེན་ནས་འཕྲུལ་མིས་དངོས་པོ་བགར་བ་དང་སྡེར་མ་འཛིན་པར་ཚོད་འཛིན་བྱེད་བཞིན་འདུག
ལུས་ལྡན་རིག་ནུས་འཕྲུལ་མིའི་ཉེར་སྤྱོད་ལག་རྩལ་པ་ཀྲོའུ་ཡུན་ཡུན་གྱིས་བཤད་རྒྱུར། གང་ལྟར་བཟོད་བསྲན་གྱི་སེམས་ལྡན་དགོས་འདུག དེའི་ལྷུ་ཚིགས་ནི་མིའི་ལག་པ་ལྟར་མཉེན་མོ་མིན་པས་བཟོད་བསྲན་ལྡན་པའི་སྒོ་ནས་ཟུར་ཚད་དེ་སྙོམས་སྒྲིག་བྱེད་དགོས།
ཀྲོའུ་ཡུན་ཡུན་ནི་ལུས་ལྡན་རིག་ནུས་འཕྲུལ་མིའི་ཉེར་སྤྱོད་ལག་རྩལ་པ་ཞིག་ཡིན་ཞིང་། ནམ་རྒྱུན་གྲངས་གཞི་འཚོལ་བསྡུ་དང་ཐག་གཅོད་བྱེད་པ་ལས་གཞན། ད་དུང་ལུས་ལྡན་རིག་ནུས་ཀྱི་ཚོད་ལྟའི་སྒྲིག་སྦྱོར་དང་རྒྱུན་གཏན་གྱི་འཁོར་སྐྱོད་སྲུང་སྐྱོང་གི་འགན་འཁུར་བཞིན་ཡོད། བྱ་བ་འདིའི་ལས་གཉེར་བ་གཞི་ཁྱོན་ངེས་ཅན་ཞིག་ལ་སླེབས་ཡོད་པས། ཉེ་ཆར་ལས་རིགས་གསར་པ་ཁག་བརྒྱད་པའི་ནང་ཚུད་མ་ཐག་རེད། གསར་འགོད་པས་བཅར་འདྲིའི་སྐབས་སུ་རྒྱུས་ལོན་པ་ལྟར་ན། ལས་རིགས་གསར་པ་ནི་ཐོན་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། མཉམ་འདུས་སློབ་སྦྱོང་དང་དོན་འཁྱོལ་འོས་འཚམ་བྱེད་ནུས་ལ་སྔར་ལས་གཙིག་ཆེན་བྱེད་བཞིན་འདུག ཀྲོའུ་ཡུན་ཡུན་ཡོད་སའི་ཚོགས་པར་མི30ལྷག་ཡོད་ལ་ཆེད་ལས་ཀྱི་རྒྱབ་ལྗོངས་ཕན་ཚུན་མི་གཅིག་པ་ཡིན།
ལུས་ལྡན་རིག་ནུས་འཕྲུལ་མིའི་ཉེར་སྤྱོད་ལག་རྩལ་པ་ཀའོ་རུང་ཅུན་གྱིས་བཤད་རྒྱུར། ང་མི་ཐབས་རིག་ནུས་ཀྱི་ཆེད་ལས་པ་ཞིག་ཡིན།
ལུས་ལྡན་རིག་ནུས་འཕྲུལ་མིའི་ཉེར་སྤྱོད་ལག་རྩལ་པ་ཀྲོའུ་ཡུན་ཡུན་གྱིས་བཤད་རྒྱུར། ངས་སློབ་ཆེན་སྐབས་སུ་གློག་རྡུལ་ཚོང་དོན་བསླབས་ནི་ཡིན།
ས་ལྡན་རིག་ནུས་འཕྲུལ་མིའི་ཉེར་སྤྱོད་ལག་རྩལ་པ་ཀྲའོ་དབྱིན་ཝེ་ཡིས་བཤད་རྒྱུར། ངས་ཡུལ་ལྗོངས་གླིང་ཁུལ་ལ་སློབ་སྦྱོང་བྱས་ནི་ཡིན། ང་ལ་མཚོན་ན་ང་ཚོའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་མདུན་གྲལ་ལས་རིགས་ལ་སྤྲོ་བ་ཆེན་པོ་ཡོད་ཀི། གསབ་སྦྱོང་ལ་ཞུགས་རྗེས་གོམ་པ་རེ་རེ་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་ཡིན།
ལུས་ལྡན་རིག་ནུས་འཕྲུལ་མིའི་ཉེར་སྤྱོད་ལག་རྩལ་པ་ཙམ་མ་ཡིན་པར། རང་རྒྱལ་གྱི་ལུས་ལྡན་རིག་ནུས་ཐོན་ལས་མགྱོགས་མྱུར་ངང་རིམ་འཇུག་བྱས་པ་དང་བསྟུན་ནས་འཕྲུལ་མི་ཞིག་ལ་དམིགས་ཏེ། ལས་རིགས་གསར་པ་དང་བཟོ་རིགས་གསར་པ20ལྷག་ཐོན་པར་བྱས་ཡོད། མཁྲེགས་ཆས་བཀོལ་སྤྱོད་བྱེད་པའི་བཟོ་ལས་འཕྲུལ་མིའི་མ་ལག་བཀོལ་སྤྱོད་བྱེད་མཁན་ནས། འཕྲུལ་མིའི“ཀླད་ཆེན”སྦྱོང་བརྡར་བྱེད་པའི་མི་ཐབས་རིག་ནུས་རྩལ་ཁྲིད་པ་དང་། དེ་ནས་འཕྲུལ་མི་དངོས་སུ་དོན་འཁྱོལ་དང་བཀོལ་སྤྱོད་བྱེད་པའི་མི་ཐབས་རིག་ནུས་མ་ལག་གི་བཀོལ་སྤྱོད་པའི་བར། དེ་དང་འཚམ་པའི་འཇོན་མི་ས་ཡ་གཅིག་ལས་བརྒལ་བ་ཆད་ལུས་སུ་ཤོར།
མིག་སྔར་རང་རྒྱལ་གྱི་གྲངས་འཛིན་དཔལ་འབྱོར་དབྱར་མཚོ་ལྟར་གོང་འཕེལ་སོང་བ་དང་བསྟུན་ནས། ལས་ཞུགས་ཀྱི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་དེ། རིག་ནུས་བཟོ་སྐྲུན་གྱིས་བཟོ་ལས་མཐོང་ཚོར་མ་ལག་གི་འཁོར་སྐྱོད་དང་སྲུང་སྐྱོང་བ་སོགས་ལས་གནས་གསར་པ་ཐོན་དུ་བཅུག་སྟེ། གྲངས་འཛིན་མཚེ་མ་བཟོ་སྐྲུན་གྱི་ལག་རྩལ་མི་སྣས་རིག་ནུས་གྲོང་ཁྱེར་སོགས་ཀྱི་ཁྱབ་ཁོངས་ལ་ཞབས་འདེགས་ཞུ་བ་སོགས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་གཞི་གྲངས་ལས་མངོན་པ་ལྟར་ན། མིག་སྔའི་བར་དུ། རང་རྒྱལ་གྱིས་རིམ་རྩིས་བྱས་ན་བཀོལ་སྤྱོད་བྱས་པའི་གྲངས་འཛིན་ལས་རིགས113ལ་སླེབས།
ཀྲུང་གོའི་ལས་ཞུགས་གསོ་སྦྱོང་ལག་རྩལ་མཛུབ་སྟོན་ལྟེ་གནས་ཀྱི་ལས་རིགས་རིགས་དབྱེ་དང་ཚད་ལྡན་གསར་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་ ཀྲང་ཝེ་ཡིས་བཤད་རྒྱུར།གྲངས་འཛིན་ལས་རིགས་རྒྱུན་མཐུད་ངང་རྒྱ་སྐྱེད་དེ། ཐོན་ལས་གྲངས་འཛིན་ཅན་དང་གྲངས་འཛིན་ཐོན་ལས་ཅན་གྱི་འཕེལ་ཕྱོགས་ཆེན་པོ་ཡང་གསལ་པོར་བྱས་པས། ལས་རིགས་གསར་པ་བསྐྲུན་པ་དང་བསྟུན་ནས། རྒྱལ་ཁབ་ཀྱིས་གྲངས་འཛིན་འཇོན་མི་གསོ་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་ལས་ཞུགས་ཀྱི་མདུན་ལམ་རྒྱ་ཆེན་པོ་ལྡན།