ཞིང་ཆེན་ཡོངས་ཀྱི་ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་བྱ་བ་ཟབ་སྤེལ་བྱེད་པའི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ9པའི་ཚེས17ཉིན། ཞིང་ཆེན་གྱི་ནག་སེལ་ངན་འཇོམས་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་བྱ་བ་ཟབ་སྤེལ་བྱེད་པའི་བརྙན་རིས་བཀོད་གཏོང་ཚོགས་འདུ་བསྡུས་ནས། ཁུངས་སྣེ་གྲལ་བཤེར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། བྱ་བ་བསྒྲུབ་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་ཞིང་། མིག་སྔའི་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་ཏེ། གོ་རིམ་རྗེས་མའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུ་ལས་བསྟན་དོན། ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་བཀོད་སྒྲིག་ཟབ་སྤེལ་བྱས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ནུས་ལྡན་གྱིས་སྐུལ་འདེད་བཏང་ཞིང་། ལས་རིགས་ཁྱབ་ཁོངས་ཀྱི་དག་ཐེར་ལེགས་བཅོས་བྱ་བ་རིམ་བཞིན་ཟབ་སྤེལ་བྱས་པས། གཞི་རིམ་ལས་བྱེད་མང་ཚོགས་ཀྱིས་ཆེད་དམིགས་འཐབ་རྩོད་ཐད་བླངས་པའི་དུས་རིམ་རང་བཞིན་གྱི་ཕན་འབྲས་ལ་ལྟ་ཚུལ་བཟང་ཞིང་ཁས་ལེན་ཆེན་པོ་ཐོབ་ཡོད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། མིག་སྔར་ཆེད་དམིགས་འཐབ་རྩོད་དུས་རིམ་གཉིས་པར་སླེབས་ཡོད་པས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ལེགས་བཅོས་ཀྱི་མངོན་གསལ་ཞན་ཆ་དང་མི་འདང་སར་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ། ཞིབ་བཤེར་དང་དཔྱད་བཤེར། ལྡོག་བཤེར། ལྟ་བཤེར་བཅས་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་བྱ་བ་སྣ་ཚོགས་ཞིབ་ཕྲ་དང་དངོས་གཉེར་གྱིས་དམ་འཛིན་ནན་མོ་བྱེད་དགོས། གནད་འཁེལ་ཚད་མཐའ་རྒྱུན་འཁྱོངས་དང་། ནག་སེལ་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁྱབ་ཁོངས་གསར་བ་དང་བྱེད་ཐབས་གསར་བ། རྣམ་པ་གསར་བ་བཅས་རྒྱུས་ལོན་བྱས་ཏེ། ཐབས་ལམ་རྒྱ་བསྐྱེད་དང་ཁོངས་ཡོངས་གྲལ་བཤེར་བྱེད་པ། རིམ་དབྱེ་རིགས་དབྱེའི་གནད་འཁེལ་ཞིབ་བཤེར་བྱེད་པ་དང་། གདུབ་སུམ་ཚད་ལྡན་དོ་དམ་ནན་མོ་བྱེད་དགོས། བྱེད་ཐབས་ནན་མོ་ལག་ཏུ་བསྟར་བ་རྒྱུན་འཁྱོངས་དང་། མིག་སྔའི་ནག་སེལ་དང་འབྲེལ་བ་ཡོད་པའི་ཉེས་གསོག་དྲ་རྒྱ་ཅན་དང་མུ་ཕྲེང་ཅན། གབ་པ་ཅན། འཇམ་འཐབ་ཅན་བཅས་ཀྱི་ཁྱད་ཆོས་གསར་བར་རྒྱུས་ལོན་བྱས་ནས། རྡུང་རྡེག་དང་དག་ཐེར་ལེགས་བཅོས་ཀྱི་འགུལ་སྐྱོད་གཅིག་བསྡུས་སྒོས་སྤེལ་བ་དང་། སྐོར་ཐེངས་གསར་བའི་རྒོལ་ཤུགས་དྲག་པོ་ཆགས་པར་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་བ་དང་། ས་གནས་ཀྱི་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དང་སྡེ་ཁག་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁྲི་དངོས་འབེབས་ནན་མོ་བྱེད་པ། ཚན་ཁག་གི་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ལྟ་སྐུལ་སྤྱི་འདོམས་མཛུབ་སྟོན་ལ་ཤུགས་སྣོན་པ། དྲིལ་སྒྲོག་སྐུལ་སློང་གི་མཛུབ་སྟོན་དམ་འཛིན་ནན་མོ་བྱས་ཏེ། ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག རིམ་པ་གཅིག་གིས་རིམ་པ་གཅིག་འཛིན་པ་དང་། རིམ་པ་རེ་རེ་བཞིན་དངོས་འབེབས། མི་སྣ་ཡོངས་ཀྱིས་མཉམ་དུ་སྐུལ་འདེད་གཏོང་བའི་བྱ་བའི་རྣམ་པ་གྲུབ་པར་བྱས་ནས། ནག་སེལ་ངན་འཇོམས་ཀྱི་ཆེད་དམིགས་འཐབ་རྩོད་བྱ་བ་ཟབ་སྤེལ་བྱེད་པའི་རང་འགུལ་དམག་འཐབ་དང་སྤྱི་ཡོངས་དམག་འཐབ། འགག་སྒྲོལ་དམག་འཐབ་བཅས་ཡག་པོར་རྒྱག་དགོས།

ལྷ་མོ་འཚོས་བསྒྱུར།

​