ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་རྨ་ལྷོའི་ཆེད་དོན་ཚོགས་འདུ་ཟི་ལིང་དུ་བསྡུས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ9པའི་ཚེས16ཉིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ལས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་དོན་ཚོགས་འདུ་ཟི་ལིང་དུ་བསྡུས། སྒྲོག་སྤེལ་ཚོགས་འདུའི་སྟེང་འདས་པའི་ལོ་ངོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། 《རྨ་ལྷོ་ཁུལ་གྱི་རྒྱལ་དངམས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད》འགྲེལ་བཤད་བྱས་ཏེ། མ་འོངས་པའི་ལོ་ལྔའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ཐིག་འཆར་འགོད་བྱས།

འདས་པའི་ལོ་ལྔའི་རིང་། རྨ་ལྷོ་ཁུལ་གྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཉིས་ལས་བརྒལ་བ་དང་། གྲོང་གསེབ་དང་གྲོང་རྡལ་སྡོད་དམངས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར། སྐྱེ་ཁམས་འཛུགས་སྐྲུན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔལ་འབྱོར་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་ཐོག་མ་འགྲུབ་པ་དང་། ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་བསྐྲུན་ནས། མང་ཚོགས་ཁྲི་བཞི་ལྷག་གིས“སྐྱེ་ཁམས་ཀྱི་ཟ་མ”བཟའ་ཐུབ་པར་གྱུར། རྨ་ལྷོ་ཁུལ་གྱི་གནམ་གྲུ་ཐང་འཛུགས་ཁུལ་ལ་ཆོག་མཆན་ཐོབ་པ་དང་། རྫོང་སོ་སོར་མྱུར་ལམ་ལས་པར་མ་ཟད། ཆུ་བེད་དང་གློག་དྲའི་ལས་གཞི་གལ་ཆེན་སྐོར་ཞིག་དོན་ཐོག་ཏུ་འཁྱོལ་བར་བྱས། དམངས་འཚོའི་ཐད་འགྲོ་སོང་ཇེ་མང་དུ་བཏང་བ་དང་། ནོར་སྲིད་ཀྱི་དམངས་འཚོའི་འགྲོ་སོང་གི་ཟིན་ཚད་བརྒྱ་ཆའི་བརྒྱད་ཅུའི་ཡན་ཟིན་ལ། སློབ་གསོ་དང་སྨན་བཅོས་ཆ་རྐྱེན་བསྟུད་མར་ལེགས་སྒྱུར་བྱས་ནས། ཁུལ་ཁོངས་ཡོངས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཙུགས་ཡོད།

སྒྲོག་སྤེལ་ཚོགས་འདུ་ལས་ངོ་སྤྲོད་བྱས་དོན། རྨ་ལྷོ་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ཁྲོད་ལྟེ་བའི་ངེས་གནས་དྲུག་དང་འབད་འཐབ་དམིགས་ཆེན་དྲུག གྲངས་ཚད་དམིགས་ཚད་ཁག་ཉེར་གཅིག  ཁུལ་ཁོངས་ཀྱི་ལས་འགན་གཙོ་བོ་བཅུ་གཅིག་བཅས་བཀོད་སྒྲིག་བྱས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྐབས། རྨ་ལྷོ་ཡིས་གཙོ་བོ་ཕྱོགས་ལྔའི་བྱ་བ་དམ་འཛིན་ལེགས་པོ་བྱེད་དགོས། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་སྔར་ལས་བརྟན་པོ་བསྐྲུན་པ་དང་། རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་མ་བཅས་ཀྱི་མ་ལག་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། གནམ་སྔོན་པོ་དང་ཆུ་དྭངས་མོ། ས་གཙང་མ་བཅས་ཡོང་བར་སྲུང་སྐྱོང་བྱེད་པ། རི་གཉིས་ཀྱི་ཚུལ་སྒྱུར་ཐབས་ལམ་རྒྱ་བསྐྱེད་པ་བཅས་བྱས་ཏེ། སྐྱེ་ཁམས་རིན་ཐང་བསྟུད་མར་འདོན་ཅི་ཐུབ་བྱེད་དགོས། 3+Nཡི་དེང་རབས་ཐོན་ལས་མ་ལག་འཛུགས་པ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐེག་ནུས་ཁུལ་བསྐྲུན་པ། ཞིང་ཆེན་ཡོངས་ཀྱི་དག་གཙང་ནུས་ཁུངས་རྟེན་གཞི་ཆེན་མོ་གསུམ་འཛུགས་སྐྲུན་བྱེད་པ། འཛམ་གླིང་གི་ཐང་གའི་སྒྱུ་རྩལ་གྱི་ཕ་སའི་མིང་བྱང་བརྩོན་ལེན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་ཤར་ལྷོའི་ཁུལ་འཛུགས་སྐྲུན་བཅས་བྱས་ནས། ཀྲུང་ལུགས་བོད་ལུགས་གསོ་རིག་དང་མི་རིགས་ལག་ཤེས་སྒྱུ་རྩལ་སོགས་ཀྱི་ཁྱད་ལྡན་ཐོན་ལས་སྔར་ལས་སྟོབས་ལྡན་དུ་གཏོང་དགོས།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་འགོ་རྩོམ་ས་གསར་བར། རྨ་ལྷོ་ཁུལ་གྱིས་རྨ་ལྷོའི་གནམ་གྲུ་ཐང་དང་ཟི་ལིང་དང་ཁྲིན་ཏུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། བདེ་འཇགས་མཉེན་གཤིས་ཀྱི་དེང་རབས་ཆུ་དྲ་འགྲུབ་པར་བྱ་རྒྱུ་དང་། གློག་དྲ་དང་གློག་འཕྲིན། ས་འོག་སྦུག་དྲ་སོགས་རྨང་གཞིའི་སྒྲིག་ཆས་རིགས་གསར་བ་རིམ་སྤོར་བྱེད་པ། ཁུལ་གསར་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་དང་ཀན་སུའུ་དང་སི་ཁྲོན་འདྲེས་མཚམས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་བསྐྲུན་རྒྱུ་རེད། དམངས་འཚོའི་བདེ་སྐྱིད་སྔར་ལས་ཆེ་རུ་གཏོང་བ་དང་། ནོར་སྲིད་མ་དངུལ་ལས་བརྒྱ་ཆའི་བརྒྱད་ཅུའི་ཡན་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་བ་རྒྱུན་འཁྱོངས་བྱ་རྒྱུ་རེད། ལས་ཞུགས་ཞབས་ཞུ་འཐུས་ཚང་དུ་བཏང་ནས། ཁྱད་ལྡན་ངལ་ལས་ཚོང་རྟགས་གྲགས་ཅན་དུ་བསྒྱུར་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པ། སློབ་གསོའི་སྤུས་ཀ་དོ་སྙོམས་ཡོང་བར་སྐུལ་འདེད་དང་། ལས་རིགས་སློབ་གསོའི་མཉམ་ལས་ཟབ་སྤེལ་བྱས་ནས། ཁུལ་དང་རྫོང་གི་མྱུར་དཔྱད་མྱུར་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀྲུང་ལུགས་བོད་ལུགས་གསོ་རིག་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ། རྒན་གསོ་དང་བྱིས་བཅོལ་གྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ཀྱི་དར་སྤེལ་ལ་སྐུལ་འདེད་ནན་མོ་གཏོང་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།