
མིག་སྔར། མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་གི་ཁྱད་ལྡན་ཞིང་ལས་ལོ་ཏོག་སྣ་ཚོགས་གཅིག་སྡུད་ཀྱིས་བསྡུ་བའི་དུས་ལ་སླེབས། ས་གནས་ཀྱིས་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་དགེ་མཚན་ལ་རྐང་བཙུགས་ཏེ། མངར་ཚལ་དང་གྲང་འཁྱག་སྔོ་ཚལ། ཀུ་ཤུ་སོགས་ཞིང་ལས་ཐོན་རྫས་བསྡུས་ནས་ལས་སྣོན་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ལས་ཀྱི་ཐོན་ལས་མུ་ཕྲེང་རྒྱུན་ཆད་མེད་པར་སྣུར་སྲིང་དང་མང་ཚོགས་ཀྱི་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་བྱས།
མིན་ཧོ་རྫོང་ཙོང་པའོ་ཞང་མངར་ཚལ་ལས་སྣོན་བཟོ་གྲྭ་རུ། ཐོན་སྐྱེད་སྒྲུབ་རིམ་མགྱོགས་མྱུར་ངང་འཁོར་སྐྱོད་བྱས་པ་དང་ལས་སྒྲུབ་མི་སྣས་ཚད་ལྡན་ཅན་གྱི་དབྱེ་དགར་དང་ཐལ་སེལ་བྱས་ཏེ། མ་བཅོས་རྒྱུ་ཆའི་སྤུས་ཚད་ནན་སྲུང་བྱས། ས་གནས་ཀྱི་ཁྱད་ལྡན་ཙོང་རིང་སྲོ་སྐམ་ལས་སྣོན་ཞིབ་ཚགས་བྱས་པ་བརྒྱུད། དུས་སྣོལ་ཕྱིར་འཚོང་དང་ཕུགས་ཕན་གསོག་འཇོག་མངོན་འགྱུར་བྱུང་། དེ་དང་ཆབས་ཅིག་ཙོང་པའོ་ཞང་མཐོ་སྒང་གྲང་འཁྱག་སྔོ་ཚལ་རྟེན་གཞིས་ཀྱང་བསྡུ་ལེན་དུས་ཚིགས་བསུས་པ་དང་། པད་ལོག་དང་རྗེན་ཚལ་སོགས་གྲང་འཁྱག་སྔོ་ཚལ་གྱི་སྐྱེ་ཚུལ་ལེགས་པས་ཐོན་ཚོང་གཉིས་ཀ་བཟང་། ཆན་ཧི་ཞང་མང་ར་སྡེ་བའི་ཀུ་ཤུ་ཁ་ལ་ཞིམ་ཞིང་ཉོ་མཁན་ཡང་མང་པོ་ཡོད་པས་ཁྲོམ་རར་རྒྱུན་མཐུད་ངང་རྒྱུག་ཆེ།
མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་དེང་རབས་ཞིང་ལས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་མཱ་ཀ་ཚའེ་ཡིས་བཤད་རྒྱུར། ཁེ་ལས་འབྲིང་ཆུང་གི་ལས་གཏོད་གླིང་དང་། ཞང་དང་གྲོང་རྡལ་ཁག་གི་ལས་སྣོན་འཁོར་ཁང་། དབུལ་སྐྱོར་འཁོར་ཁང་བཅས་གཞི་རྟེན་བྱས་ཏེ། ས་གནས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་དང་། མཉམ་ལས་ཁང་གི་ལས་སྣོན་བཟོ་གྲྭ། སྒེར་གྱི་ལས་སྣོན་བཟོ་གྲྭ་ཁག་ཅིག་གསོ་སྐྱོང་བྱས་ཟེར།