​མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི"ཁེ་ལས་ཀྱི་ཁོར་སྲུང་སྣེ་ལེན་ཉིན་མོ"ཀན་ཧི་བཟོ་ལས་གླིང་ཁུལ་དུ་བསྐྱོད་དེ་ཁེ་ལས་ལ་རོགས་རམ་བྱས།
ཁུངས། ཀློག་གྲངས།

​ཉེ་ཆར། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི"ཁེ་ལས་ཀྱི་ཁོར་སྲུང་སྣེ་ལེན་ཉིན་མོའི"བྱེད་སྒོ་ཐེངས་བཞི་པ་ཟི་ལིང་ཀན་ཧི་བཟོ་ལས་གླིང་ཁུལ་དུ་བསྐྱོད་དེ"ཚུར་གདན་འདྲེན་ཞུ་བ"དེ"ཕྱིར་སྐྱོད་པར"བསྒྱུར་ཏེ། ཡུལ་དངོས་ནས་ཁེ་ལས་ལ་དཀའ་ངལ་སེལ་བར་རོགས་རམ་བྱས།  བཞུགས་མོལ་ཚོགས་འདུའི་སྟེང་། ཁེ་ལས5ཡི་འགན་ཁུར་བས་ཁོར་ཡུག་དཔྱད་དཔོག་ཞིབ་མཆན་དང་སྦགས་བཙོག་བཅོས་སྐྱོང་སོགས་ཀྱི་རེ་ཞུར་དམིགས་ནས་ཐད་ཀར་བསམ་བློ་བརྗེ་རེས་བྱས་ལ། འབྲེལ་ཡོད་གནད་དོན་ལ་ཡུལ་དངོས་ནས་ལན་བཏབ་པ་དང་རེ་རེ་བཞིན་ཐག་གཅོད་པའི་ཐབས་ལམ་ཁ་གསལ་བཟོས། ཁེ་ལས་ཀྱིས་རང་འགུལ་ངང་དམིགས་ཚད་བཏོན་ནས་རིམ་སྤོར་བྱ་རྒྱུ་དེ་ཁྱད་ཆོས་སུ་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཡུལ་དངོས་ནས་ལག་རྩལ་གྱི་རོགས་སྐྱོར་ཇུས་གཞི་བཏོན། རིམ་པ་རྗེས་མར། སྐྱེ་ཁམས་ཁོར་ཡུག་ཐིང་གིས"ཁེ་ལས་ཀྱི་ཁོར་སྲུང་སྣེ་ལེན་ཉིན་མོ"དེ་སྣེ་ལེན་བྱེད་པ་ནས་རང་འགུལ་ངང་སྒོ་རྩར་བསྐྱོད་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། གནད་དོན་གྱི་རྩིས་ཐོ་བཟོས་པ་དང་རེ་ཞུའི་འཚམས་འདྲི་ཡག་པོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་རྒྱུ་རེད།