
2026ལོའི་ཟླ10པའི་ཚེས20ཉིན་གྱི་སྔ་དྲོར། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཚོགས་མགོ་ཚུགས་ཤིང་། ཐེངས་འདིའི་ཚོགས་འདུའི་དུས་ཡུན་ཉིན5རེད།
པེ་ཅིན་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ནས་ཕེབས་པའི་བོད་ཡིག་གི་ཚགས་པར་དང་དུས་དེབ་ཁང་། རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས། གསར་འགྱུར་དྲ་ཚིགས། མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་སྨྱན་སྦྱོར29ཡི་འཐུས་མི60ལྷག་ཚོགས་འདུར་ཞུགས།

ཐེངས་འདིའི་ཚོགས་འདུའི་སྟེང་། ཚགས་པར་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན། སྨྱན་སྦྱོར་གསར་པ། དཔྱད་རྩོམ་དང་ཐ་སྙད་གསར་པ། བརྙན་འཕྲིན་འཁྲབ་ཚན་བསྒྱུར་བཟོ་བཅས་ཀྱི་དཔྱད་ཞིབ་ཚན་ཆུང་བདུན་ལ་བཀར་ནས་ལོ་གཅིག་རིང་གི་གསར་འགྱུར་བརྩམས་ཆོས་ཁག་ལ་དཔྱད་འདེམ་དང་ཐ་སྙད་གསར་པ་བཀས་བཅད་གཏན་འབེབས་བྱ་རྒྱུ་རེད། དེ་མིན་ལྷ་སའི་ལྷོ་རི་བྱང་རིའི་ལྗང་བསྒྱུར་ལས་གྲྭར་ལྟ་སྐོར་དང་བཅར་འདྲིའི་བྱེད་སྒོ་སྤེལ་ནས་ལྷ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཐོབ་པའི་གྲུབ་འབྲས་དང་། ནང་སྒོས་སུ་ལྷ་སའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྒྱང་བལྟ་བྱ་རྒྱུ་རེད།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།