
ཚེས3ཉིན་ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡིས་ཨ་རིས་ལོ་རེ་བཞིན་དབྱི་སི་རལ་ལ་མཁོ་འདོན་བྱེད་བཞིན་པའི་ཨ་སྒོར་ཐེར་འབུམ་བཞི་ཡི་རོགས་སྐྱོར་ད་ལོའི་ལོ་མཇུག་ནས་མཚམས་བཞག་པ་བསྟན།
ཐི་ལང་ཕུའུ་ཡིས་ཚེས3ཉིན་ཧྥུའུ་ཁེ་སིའི་གསར་འགྱུར་འཕྲིན་ལམ་གྱི་བཅར་འདྲི་དང་ལེན་བྱེད་སྐབས། རྒྱབ་སྐྱོར་འདིའི་རིགས་ནང“དངོས་རྫས་དང་མ་དངུལ”ཚུད་ཡོད་པ་དང་། དམག་དོན་རོགས་སྐྱོར་དང་ལག་སྒོར་རམ་ཡང་ན“དངོས་པོ་ཕན་ཚུན་བརྗེ་བ”བཅས་ཀྱང་འདུ། ཁོ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ལོ་མང་པོའི་རིང་ལ་རོགས་སྐྱོར་འདི་མཚམས་འཇོག་པར་གྲོས་བསྡུར་བྱེད་བཞིན་ཡོད། བསམ་ཚུལ་འདི་ནི་ནེ་ཐ་ཉི་ཡ་ཧུའུ་རང་ཉིད་ཀྱིས་བཏོན་པ་རེད་ཅེས་བརྗོད།
ཐི་ལིང་ཕུའུ་ཡིས་ད་དུང་དབྱི་སི་རལ་ནི་ཧ་ཅང་སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཞིག་ཡིན། རོགས་སྐྱོར་དེ་དག་མི་མཁོ་ཞེས་བརྗོད་པ་དང་། ཁོས་ད་དུང་དབྱི་སི་རལ་ནི་ཐོག་མཐའ་བར་གསུམ་དུ་མནའ་གྲོགས་བཟང་བོ་ཞིག་ཡིན། གལ་ཏེ་དབྱི་སི་རལ་ལ་དགོས་མཁོ་ཡོད་ཚེ་ང་ཚོས་ད་དུང་རོགས་རམ་བྱེད་སྲིད་པ་བསྟན།
བསྒྲགས་པ་ལྟར་ན། ད་ལྟ་སྤྱོད་བཞིན་པའི་ཨ་རི་དང་དབྱི་སི་རལ་གྱི་བདེ་འཇགས་རོགས་སྐྱོར་གྲོས་མཐུན་ལྟར་ཨ་རིས་ལོ་རེ་བཞིན་དབྱི་སི་རལ་ལ་ཧ་ལམ་ཨ་སྒོར་ཐེར་འབུམ་གསུམ་དུང་ཕྱུར་བརྒྱད་ཀྱི་རོགས་སྐྱོར་བྱེད་བཞིན་ཡོད། གྲོས་མཐུན་དེའི་གོ་ཆོད་དུས་ཡུན་ནི2028ལོའི་བར་རེད། ནེ་ཐ་ཉི་ཡ་ཧུའུ་ཡིས་ཡར་སྔོན་དབྱི་སི་རལ་གྱིས་ཨ་རིའི་དམག་དོན་རོགས་སྐྱོར་ལ་སྐྱབས་བཅོལ་བའི་སྣང་ཚུལ་རིམ་བཞིན་ཉུང་དུ་གཏོང་བའི་རེ་བ་བཅངས་ཡོད་ཅེས་བསྟན།