ལེ་དབར་ཁྲི་ཡིས་བཅད་རུང་སེམས་པ་གཅིག་ཏུ་སྦྲེལ། ཚན་རྩལ་ལ་བརྟེན་ནས་སློབ་གསོར་རོགས་སྐྱོར་བྱེད་ཅེས་པའི་སློབ་ཁྲིད་དངོས་རྫས་ཞལ་འདེབས་འབུལ་བའི་མཛད་སྒོ་ཟི་ལིང་དུ་བསྡུས།
ཁུངས། ཀློག་གྲངས།
ཟླ11ཚེས3ཉིན། ཞིང་ཆེན་མི་རབས་རྗེས་མར་དོ་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ལས་བྱེད་རྒན་པ་ཅུས། ཞིང་ཆེན་ཏང་ཨུའི་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི“ལེ་དབར་ཁྲི་ཡིས་བཅད་རུང་སེམས་པ་གཅིག་ཏུ་སྦྲེལ། ཚན་རྩལ་ལ་བརྟེན་ནས་སློབ་གསོར་རོགས་སྐྱོར་བྱེད”ཅེས་པའི་སློབ་ཁྲིད་དངོས་རྫས་ཞལ་འདེབས་འབུལ་བའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་ཞིས་ཀོན་སྲང་ལམ་སློབ་ཆུང་དུ་ཚོགས།  ཞིང་ཆེན་མི་རབས་རྗེས་མར་དོ་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་མཛད་སྒོར་ཞུགས་པ་མ་ཟད་གཏམ་བཤད་གནང་།  ཞིང་ཆེན་མི་རབས་རྗེས་མར་དོ་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་མ་ཅི་ཞའོ་དང་། ཀྲུའུ་རེན་གཞོན་པ་ཝང་ཞའོ་ཡུང་། ཧན་ཡུས་ཀུའེ་བཅས་མཛད་སྒོར་ཞུགས། 
ཐེངས་འདིའི་ཞལ་འདེབས་ཕུལ་བའི་བྱེད་སྒོའི་ཁྲོད། མཚོ་སྔོན་ཞིང་ཆེན་ཧྲན་ཏུང་ཚོང་ཚོགས་དང་སང་ཉིན་སྐར་ཚོགས་སློབ་གསོའི་ཐེབས་རྩ་ཚོགས་པས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ཧུར་ཐག་བྱས་ནས། ཟི་ལིང་དང་མཚོ་ཤར། མཚོ་བྱང་། རྨ་ལྷོ་བཅས་གྲོང་ཁྱེར་དང་ཁུལ་བཞིའི་བྱིས་སྐྱོང་ཁང་དང་སློབ་གྲྭ་ཆུང་འབྲིང200ལྷག་ལ་མི་མེད་གནམ་གྲུ་དང་གཞོན་ནུ་ལོ་ཆུང་གི་ཚན་རིག་ཁྱབ་གདལ་ཚོད་ལྟའི་གྱོན་ཆས་ཆ་ཚང་སོགས་སློབ་ཁྲིད་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དངོས་རྫས་ཆིག་ཁྲི་བཞི་སྟོང་ལྷག་ཞལ་འདེབས་སུ་ཕུལ་ཏེ། སྤྱི་ཚོགས་རྩ་འཛུགས་ཀྱི་བརྩེ་སེམས་ཆེན་པོ་དང་འགན་འཁྲི་འཁུར་སེམས་གང་ལེགས་སྒོས་མངོན། 

ཉེ་བའི་ལོ་ཤས་རིང་། ཞིང་ཆེན་མི་རབས་རྗེས་མར་དོ་ཁུར་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་ཞིང་ཆེན་གྱི་ས་ཐག་རིང་བའི་རོང་འབྲོག་ཁུལ་དང་ས་ཁུལ་དབུལ་པོའི་སློབ་གྲྭའི་སློབ་གཉེར་གནས་ཚུལ་དངོས་ལ་གཞིགས་ནས། སྤྱི་ཚོགས་ཀྱི་གཅེས་སེམས་སྟོབས་ཤུགས་རྒྱ་ཁྱབ་སྒོས་གཅིག་སྡུད་དང་སྤྱི་ཕན་ཐོན་ཁུངས་སྤུས་ལེགས་སྡེབ་སྒྲིག་བྱས་ནས། གཞི་རིམ་སློབ་གྲྭའི་སློབ་གཉེར་ཞན་ཆ་གནད་འཁེལ་ཁ་གསབ་བྱས་ཏེ། བརྩེ་བ་དངོས་ལ་བརྟེན་ནས་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་རམ་འདེགས་བྱས། 

རིན་ཆེན་མཚོ་ཡིས་བསྒྱུར།