རྔ་བ་ཁུལ་ཛམ་ཐང་རྫོང་གིས་མང་ཚོགས་ཀྱི་འཛད་སྤྱོད་བདེ་འཇགས་བརྟན་སྲུང་བྱས། 
ཁུངས། ཛམ་ཐང་རྫོང་སྨྱན་སྦྱོར་ལྟེ་གནས། ཀློག་གྲངས།

ཉེ་ཆར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཛམ་ཐང་རྫོང་གིས་དམངས་འཚོ་དང་འབྲེལ་བའི་ཁྲོམ་རར་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། ཕྱོགས་ཡོངས་ནས་མང་ཚོགས་ཀྱི་འཛད་སྤྱོད་བདེ་འཇགས་བརྟན་སྲུང་བྱས།

ཐེངས་འདིའི་ཞིབ་བཤེར་ཁྲོད་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ཟ་ཁང་། སྨན་ཁང་སོགས་གཉེར་སྐྱོང་ཁུལ་གཙོ་བོའི་རིགས་འདུས་ཡོད། ཞིང་ལས་ཉོ་ཚོང་ཁྲོམ་རའི་ལས་བྱེད་པས་སྔོ་ཚལ་དང་སིལ་ཏོག ཤ་རིགས་སོགས་ཞིང་ལས་ཐོན་རྫས་ཀྱི་དཔེ་གཞི་བླངས་ནས་ཐོ་འགོད་དང་ཐོན་ཁུངས་ནན་བཤེར་བྱས་ཏེ། ཚད་ལྡ་མིན་པའི་ཞིང་ལས་ཐོན་རྫས་ནན་འགོག་བྱས་པ་དང་། ཁྲིམས་འཛིན་མི་སྣས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཟ་ཁང་གི་ཐབ་ཚང་ལ་ཞིབ་བཤེར་གཏིང་ཟབ་བྱས་པ་དང་།  ཟས་རིགས་ཀྱི་དཔང་ཡིག་དང་འཛིན་བྱང་། ཟོག་ལེན་ཟིན་ཐོ། གསོལ་ཆས་དུག་སེལ་ཟིན་ཐོ་བཅས་གནད་དུ་བཟུང་ནས། ཐབ་ཚང་གི་འཕྲོད་བསྟེན་དང་ལས་སྣོན་བྱེད་སྟངས་ལ་ཞིབ་བཤེར་བྱས་ཏེ། གཉེར་སྐྱོང་སྡེ་ཁག་གིས་ཟས་རིགས་བདེ་འཇགས་འགན་ལེན་དོན་འཁྱོལ་དང་ཟས་ཀྱི་འབྱུང་ཁུངས་གཙང་མིན་ལ་ཤེས་རྟོགས་ཐུབ་པར་བྱས། སྨན་ཁང་ཁག་ཏུ་ལས་བྱེད་མི་སྣས་སྨན་རྫས་ཉོ་སྒྲུབ་ཀྱི་འཛིན་ཡིག་དང་མཁོ་སྤྲོད་ཐོབ་ཐང་ལ་ཞིབ་བཤེར་བྱས་ཏེ། སྨན་རྫས་ཕྱིར་ཚོང་དང་གསོག་ཉར་བྱེད་པའི་ཆ་རྐྱེན་དང་ཕན་ནུས།  དུས་ཡུན་བཅས་ལ་ཞིབ་བཤེར་ནན་མོ་བྱས་པ་དང་། དུས་ཡོལ་སྤུས་ཞན་གྱི་སྨན་རྫས་ཁྲོམ་རར་འགྲེམས་པར་བཀག་འགོག་བྱས་ཏེ། མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་སྲུང་སྐྱོབ་ནུས་ལྡན་བྱས།

ཛམ་ཐང་རྫོང་སྨྱན་སྦྱོར་ལྟེ་གནས། སྐལ་བཟང་སྐྱབས།