​2026ལོ་ནས2027ལོའི་རྒྱལ་ཡོངས་ཚན་རིག་སློབ་གསོ་དང་ཚན་རིག་རིག་གནས་མཚོ་སྔོན་ཞིང་ཆེན་དུ་འགྲེམས་སྟོན་སྤེལ་རེས་བྱེད་པའི་བྱེད་སྒོ་དང་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་ཁང་གི་ཟུར་ཁྲིད་པའི་འགྲན་སྡུར་ཆེན་མོ་སྐབས་བདུན་པ་ཟི་ལིང་དུ་སྤེལ།
ཁུངས། ཀློག་གྲངས།
ཟླ་11པའི་ཚེས2ཉིན།  མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཁང་གཉིས་ཀྱི་སྒྲུབ་པའི2026ལོ་ནས2027ལོའི་རྒྱལ་ཡོངས་ཀྱི་ཚན་རིག་སློབ་གསོ་དང་ཚན་རིག་རིག་གནས་མཚོ་སྔོན་ཞིང་ཆེན་གྱི་འགྲེམས་སྟོན་སྤེལ་རེས་བྱེད་སྒོ་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་གི་ཟུར་ཁྲིད་པའི་འགྲན་སྡུར་ཆེན་མོ་སྐབས་བདུན་པ་ཟི་ལིང་དུ་སྤེལ།
ཐེངས་འདིའི་བྱེད་སྒོར་ཚན་རིག་ཚོད་ལྟ་དང་ཚན་རིག་བྱེད་སྒོ་བཅས་འགྲན་བསྡུར་གྱི་རྣམ་གྲངས་ཆེན་པོ་གཉིས་བཀོད་སྒྲིག་བྱས་ཡོད་ཅིང་།  ཚན་རྩལ་ཁང་གི་ཟུར་ཁྲིད་པའི་འགྲན་བསྡུར་ནང་འགྲེམས་དངོས་རྐྱང་བའི་ཟུར་ཁྲིད་དང་ཚན་རྩལ་སློབ་གསོ་བྱེད་སྒོའི་ཇུས་འགོད་བཅས་གོ་རིམ་ཆེན་པོ་གཉིས་ཚུད་ཡོད།  ཞིང་ཆེན་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཁང་དང་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་སོ་སོ་ནས་ཐོན་པའི་ཡུལ་དངོས་དང་པོའི་ལས་ཞུགས་མི་སྣས་དུས་མཉམ་དུ་རྩལ་འགྲན་བྱས་ཤིང་།  ཚོད་ལྟའི་སྒྲིག་ཆས་སྣ་ཚོགས་ལ་བརྟེན་ནས་སྤྲོ་སྣང་ལྡན་པའི་ཚོད་ལྟ་དང་གནས་སྟངས་འགྲེམས་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ་ཚན་རིག་གི་སྣང་ཚུལ་དང་། ཚན་རིག་གི་ཤེས་བྱ་ཁྱབ་གདལ།  ཚན་རིག་གི་བསམ་བློ་ཁྱབ་སྤེལ་གཏོང་བ་བཅས་གསོན་ཉམས་ལྡན་པའི་ངང་འགྲེམས་སྟོན་བྱས།

 ཟི་ལིང་གྲོང་ཁྱེར་སློབ་འབྲིང་བདུན་པའི་དགེ་རྒན་ཅེ་ཞའོ་ཧུང་གིས་བཤད་རྒྱུར།

དེ་རིང་ང་ཚོས་འགྲེམས་སྟོན་བྱས་པ་ནི《འོད“ལངས”སུ་བཅུག་པའི》ཚོད་ལྟ་དེ་ཡིན།  ཚོད་ལྟ་འདིས་ང་ཚོས་གཏིང་ཟབ་པའི་སྒོ་ནས་དངོས་ལུགས་དང་རྩིས་རིག་གི་རིག་ཚན་གཉིས་མཉམ་འདྲེས་བྱས་པ་དང་།  སྤྱི་མཚན་གྱི་གཞུང་ལུགས་དེ་མིག་གིས་མཐོང་ཐུབ་པ་དང་ལག་པས་རེག་ཐུབ་པར་གྱུར།  དུས་མཚུངས་སུ་ང་ཚོས་ཀྱང་ཚོད་ལྟ་འདི་བརྒྱུད་དེ་ཚན་རིག་གི་ཤེས་བྱ་དང་ཚན་རིག་གི་སྣང་ཚུལ་སྔར་ལས་མང་བོ་ཁྱབ་སྤེལ་བྱེད་འདོད།
ཐེངས་འདིའི་བྱེད་སྒོའི་དུས་ཡུན་ཉིན3ཡིན་ཞིང་།  ཟླ11པའི་ཚེས2ཉིན་ནས་ཚེས4ཉིན་བར་ཡིན།  འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་དང་སྦྱོང་བརྡར་ལ་སྐུལ་འདེད་བྱས་པ་བརྒྱུད།  ཞིང་ཆེན་ཡོངས་ཀྱི་ཚན་རིག་ཁྱབ་གདལ་རུ་ཁག་གི་ཆེད་ལས་ནུས་པ་ནུས་ལྡན་ངང་སྦྱོང་བརྡར་བྱས་ཏེ།  ཚན་རིག་ཁྱབ་གདལ་སྤུས་ལེགས་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།  ཕྱོགས་ཡོངས་ནས་ཚན་རིག་ཁྱབ་གདལ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས།

 མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཁང་གི་འགོ་གཙོ་གཞོན་པ་ལིའུ་ཧྲའོ་ཆིང་གིས་བཤད་རྒྱུར།

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་གིས་མུ་མཐུད་དུ་ཚན་རིག་ཁྱབ་གདལ་གྱི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པ་དང་།  ཐེངས་འདིའི་བྱེད་སྒོའི་ཚན་རིག་ཁྱབ་གདལ་གྱི་ཕུལ་བྱུང་གྲུབ་འབྲས་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་ཏེ།  བྱང་ཚད་མཐོ་བའི་ཚན་རིག་ཁྱབ་གདལ་གྱི་ཤེས་ལྡན་མི་སྣའི་རུ་ཁག་གསོ་སྐྱོང་བྱེད་པ་དང་།  ཚན་རིག་ལ་དགའ་ཞེན་དང་གསར་གཏོད་ལ་བརྩི་མཐོང་བྱེད་པའི་རྣམ་པ་རྒྱུན་མཐུད་ངང་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་ཚན་རིག་ཁྱབ་གདལ་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་གསོན་ཤུགས་སྣོན་དགོས།

བསོད་དོན་གྱིས་བསྒྱུར།