ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོ་སྣང་ཆེན་པོ་བྱས།  
ཁུངས། ཀློག་གྲངས།
​བསྟུད་མར་ཉིན་ཤས་རིང་།   ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོ་སྣང་ཆེན་པོ་བྱས།  ཚང་མས་དད་མོས་ཀྱི་རྨང་གཞི་དང་འབད་འབུངས་ཡར་བརྩོན་གྱི་ཕུགས་འདུན་ཇེ་བརྟན་དུ་བཏང་སྟེ། ང་ཚོ་ཏང་སྔར་ལས་འགྱུར་མེད་སྟོབས་ལྡན་དུ་འཛུགས་སྐྱོང་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྲ་བརྟན་གྱི་འགན་ལེན་འདོན་སྤྲོད་བྱེད་དགོས་པ་བསྟན།

ཚང་མས་ཚང་འཛོམས་གྲོས་ཚོགས་ལས་ཀྲུང་གོ་གུང་ཁྲན་ཏང་གི་རང་ངོས་གསར་བརྗེའི་བློ་སྟོབས་དང་སྙིང་རུས་གཏན་འཁྱོངས་ཀྱི་ཆོད་སེམས། རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བ་བཅས་མངོན་ཡོད་པར་འདོད།  ཚང་མས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ།  ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་དངོས་དོན་གཉེར་བའི་བྱ་བའི་བྱེད་ཐབས། ཉམས་སད་ཐེག་ཐུབ་པའི་སྒྲིག་ཁྲིམས་དང་སྤྱོད་ཚུལ་བཅས་ལ་བརྟེན་ནས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་སྣ་ཚོགས་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་བ་དང་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པའི་ལྟ་སྐུལ་ཁྲུའུ་ཡི་ཁྲུའུ་ཀྲང་། ཅིན་ཧུའེ་ཡིས་བཤད་རྒྱུར། ང་ཚོའི་རྩ་འཛུགས་སྡེ་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།    དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱར་དམ་པོར་དམིགས་པ་དང་།  ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ།  ལས་འགན་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་པ།  ལས་བྱེད་པར་རྒྱུན་ལྡན་གྱི་དོ་དམ་དང་ལྟ་སྐུལ་ཞིབ་ཚགས་སྒོས་བསྒྲུབ་པ། དོ་དམ་ནན་མོ་དང་གཅེས་སྐྱོང་གཉིས་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ།  ལས་བྱེད་པས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ།   བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱས་ཏེ།  མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་འདོན་སྤྲོད་བྱ་རྒྱུ་ཡིན། 

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཨུ་རིམ་པ་གསུམ་པའི་རྟོག་ཞིབ་པ།  ཀྲང་ལི་ན་ཡིས་བཤད་རྒྱུར།  ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས།   ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་བསམ་བློའི་ངེས་ཤེས་བསྐྱེད་དེ།  ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པ་དང་།  དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་འབྲས་ཆེ་ཤོས་ཡིན་པ་བློ་ལ་བརྟན་པོར་ངེས་ནས།  རུལ་རྒོལ་འགྱུར་འགོག་གི་བསམ་བློའི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་དགོས།

   མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྤྱི་ཚོགས་ལས་དོན་པུའུ་ཡི་ཁྲུའུ་དང་པོའི་ཁྲུའུ་ཀྲང་།  མ་ལི་ཡ་ཡིས་བཤད་རྒྱུར།  ཏང་གི་རྩ་འཛུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ཏེ།  བརྩེ་བ་ཟབ་མོས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ།   མི་དམངས་ལ་ཞབས་འདེགས་ཞུ་བར་སྔར་ལས་དྲོ་སྐྱིད་ལྡན་ཞིང་ཕན་འབྲས་དངོས་ཐོན་དུ་འཇུག་དགོས། 
       མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་པེ་ཧྲན་ཞང་ཏང་ཨུའི་ཧྲུའུ་ཅི། ཀྲའོ་ཅི་ཡིས་བཤད་རྒྱུར།   ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཞི་རིམ་དུ་སྣུར་སྲིང་བྱེད་དོན་ནི་ཆེས་ཆུང་བའི་དབང་ཆར་དོ་དམ་བྱས་ཏེ།  དྲང་གཞག་ངང་ལས་དོན་སྒྲུབ་དགོས་པ་མ་ཟད། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཆུང་ཆུང་བཅོས་སྒྲིག་བྱ་དགོས་པ་དང་། སྤྱོད་གཙང་སྤྱོད་བཟང་ལ་བརྟེན་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པར་བྱས་ཏེ།   ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་ཆེད་ཡིན། 

    ཚང་མས་བསྟན་དོན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བཀོད་སྒྲིག་དང་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་།   ལས་གནས་སྟེང་རང་འགན་གཙང་སྒྲུབ་བྱེད་པར་རྐང་ཚུགས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་ལས་གཏོད་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགུལ་སྐྱོད་དངོས་སུ་བསྒྱུར་དགོས་པ་དང་། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་མུ་མཐུད་དུ་སྦྱོང་བརྡར་བྱས་ཏེ།  དངོས་དོན་སྒྲུབ་པར་བརྟེན་ནས་ལས་དོན་སོ་སོ་དོན་འཁྱོལ་དང་ཕན་ནུས་ཐོན་པར་སྐུལ་འདེད་གཏོང་དགོས།

       མཚོ་ནུབ་ཁུལ་གྱི་རྒྱལ་དབང་མ་རྩ་དངུལ་གཏོང་འཁོར་གཉེར་(ཚོགས་པ)ཚད་ཡོད་ཀུང་སིའི་སྤྱིའི་ལྟ་སྐུལ་བ། ཝེ་ཝེ་ཡིས་བཤད་རྒྱུར། ང་ཚོས“གཞི་གདངས་ནན་མོ”དེ་ཤེས་ལྡན་མི་སྣ་ནང་འདྲེན་དང་ལས་བྱེད་པ་དོ་དམ། དཔུང་ཁག་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་པ་དང་།  ཀུང་སིའི་ཚུལ་སྒྱུར་རིམ་སྤོར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་དེང་རབས་ཅན་གྱི་རྒྱལ་དབང་ཁེ་ལས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན།

      མཚོ་བྱང་ཁུལ་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་དང་པོ།  ཏིན་ཆང་གིས་བཤད་རྒྱུར།  ང་ཚོས་ཏང་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཏང་ལ་ཇུས་གཞི་འདོན་པའི་ཐོག་མའི་བསམ་འདུན་དང་ལས་འགན་ལ་དམ་པོར་དམིགས་ནས།  དུས་ཐོག་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་དང་འཆད་འགྲེལ་ཡག་པོ་བྱེད་པ་དང་།  དུས་ཐོག་ཏུ་རིགས་སོ་སོའི་བྱེད་པོའི་གྲས་སུ་བཅུག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་དང་གཏིང་ཟབ་པ།  གསལ་བོ་བཤད་རྒྱུར་ཤུགས་བསྣན་ཏེ།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན། 
      མཚོ་བྱང་ཁུལ་མིན་ཡོན་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་མངགས་གཏོང་བྱས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚན་ཆུང་གཉིས་པའི་ཚན་གཙོ།  མཱ་མིང་ཧུའེ་ཡིས་བཤད་རྒྱུར།  ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུ་ཡིན་པ་དང་།  སྤྱོད་ཚུལ་ངན་པ་ཡོ་བསྲང་དང་བཅོས་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱེད་པ།  རུལ་སུངས་བྱེད་མི་ཕོད་པ་དང་།   རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་གིས་སྐུལ་འདེད་བཏང་སྟེ།   རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་རྒྱུན་ཆད་མེད་པར་ནན་དུ་བཏང་ནས།   སྲོལ་བཟང་སྤྱོད་བཟང་གི་གཞི་རིམ་ཆབ་སྲིད་ཁོར་ཡུག་གསོ་སྐྱོང་བྱེད་རྒྱུ་ཡིན། 

                                                                                                                  ཁོན་མཚོ་སྐྱིད་དང་བསོད་དོན་གྱིས་བསྒྱུར།