ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དགུ་བའི་སྟེང་མཚོ་སྔོན་གྱིས་ཁྱིམ་གྱི་གསོལ་སྟོ་ཞེས་པ་ཐོག་མར་བཤམས་སྟེ་ཐོན་རྫས་མང་པོར་དགའ་བསུ་ཆེན་པོ་ཐོབ།
ཁུངས། ཀློག་གྲངས།
 ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དགུ་པའི་ཐོག “མཚོ་སྔོན་གྱི་ཁྱིམ་གྱི་གསོལ་སྟོན”ཞེས་པ་ཐོག་མར་བཤམས་ཤིང་། འབྲི་ཞོ་དང་སྐྱེ་ལྡན་འཕང་འབྲས། མཚོ་སྔོན་གྱི་འཐེན་ཐུག་སོགས་ལྗང་མདོག་སྐྱེ་ལྡན་ཟས་རིགས་སྣ་ཁ་བརྒྱ་ལྷག་ལ་འགྲེམས་ཞུགས་ཚོང་པ་དང་ཡུལ་སྐོར་བའི་དགའ་བསུ་ཐོབ།  ཁྱིམ་གྱི་གསོལ་སྟོན་ལ་བརྟེན་ནས་དཔལ་འབྱོར་ཚོང་དོན་གྱི་འབྲེལ་ཟམ་བཏོད་ཅིང་། “མཚོ་སྔོན་གྱི་ཐོན་རྫས་ལེགས་པོ”ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་བརྒྱུད་ནས་རྒྱལ་ཡོངས་དང་འཛམ་གླིང་ཕྱོགས་སུ་བསྐྱོད། 

“མཚོ་སྔོན་གྱི་ཁྱིམ་གྱི་གསོལ་སྟོན”ཞེས་པའི་འགྲེམ་ཁུལ་དུ། མཚོ་སྔོན་གྱི་འཐེན་ཐུག་དང་ནོར་གནག་གི་ཤ།  འབྲི་ཞོ་བཅས་ཀྱི་ཚོང་སྟེགས་མདུན་དུ་མི་ཚོགས་ཀྱིས་ཁེངས་འདུག

ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དགུ་བའི“མཚོ་སྔོན་གྱི་ཁྱིམ་གྱི་གསོལ་སྟོན”ཞེས་པའི་འགྲེམ་ཁུལ་གྱི་འཐེན་ཐུག་ལག་ཤེས་པ་མཱ་ཧ་ནའེ་ཡིས་བཤད་རྒྱུར། དུས་ཚོད་གཉིས་ཀྱི་ནང་ལ་འཐེན་ཐུག་དཀར་ཡོལ་སུམ་བརྒྱ་ལྷག་བཙོངས་ཐུབ་ཐལ།

འགྲེམ་སྟོན་ཚོང་བ། སྐུ་ཞབས་ཝང་གིས་བཤད་རྒྱུར། དྲ་ཐོག་ནས་ཚང་མས་མཚོ་སྔོན་གྱི་འཐེན་ཐུག་ཅུང་བཟང་ཟེར། དེ་རིང་ཏག་ཏག་ཧྲང་ཧའེ་རུ་ཐོན་པས་འདིའི་བྲོ་བར་མྱོང་རོལ་ཞིག་བྱ།
ཡུལ་དངོས་སུ།  “མཚོ་སྔོན་གྱི་ཁྱིམ་གྱི་གསོལ་སྟོན”ཞེས་པ་དེ་མཚོ་སྔོན་གྱི་དྲིལ་སྒྲོག་སྟེགས་བུར་གྱུར་པ་མ་ཟད། མཚོ་སྔོན་གྱི་འགྲེམས་ཁུལ་དུ་འོང་བའི་མིའང་མང་ནས་མང་དུ་ཕྱིན།  ཁྱད་ལྡན་ཐོན་རྫས་ཀྱི་འགྲེམ་སྟེགས་མདུན་དུ་བྲོ་བ་མྱོང་བ་དང་བློ་འདྲི་བྱེད་པའི་འགྲེམས་སྟོན་ཚོང་བ་དང་ཡུལ་སྐོར་བས་ཁེངས་འདུག 
མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ལི་ཞའོ་ཧུའེ་ཡིས་བཤད་རྒྱུར། ད་ཐེངས་ང་ཚོས“མཚོ་སྔོན་གྱི་ཁྱིམ་གྱི་གསོལ་སྟོན”ཞེས་པའི་ཞིང་ཆེན་རིམ་པའི་ས་ཁོངས་ཀྱི་སྤྱི་པའི་ཟོང་རྟགས་དང་མང་པོའི་ནང་ནས་བདམ་པའི་བཟའ་བཏུང་ཁེ་ལས་དང་ནོར་གནག་གི་ཤ། ནས་ཕྱེ། ཟས་རིགས་གྲགས་ཅན་སོགས་ལྗང་མདོག་སྐྱེ་ལྡན་ཟས་རིགས་སྣ་ཁ་བརྒྱ་ལྷག་ཙམ་འཁྱེར་ནས་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཞུགས་པ་དང་།  ཡུལ་དངོས་ནས་མཚོ་སྔོན་གྱི་ཐོན་རྫས་མང་པོར་རོལ་མྱོང་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ཧོར་རིགས། ཟ་ལར་སོགས་མི་རིགས་མང་པོའི་སྲོལ་རྒྱུན་བཟའ་བཏུང་ལག་རྩལ་མངོན་པ་དང་། “མཚོ་སྔོན་གྱི་ཁྱིམ་གྱི་གསོལ་སྟོན”ཞེས་པའི་སྐྱེ་ཁམས་དང་རིག་གནས། དམངས་ཕྱུག  སྒོ་འབྱེད་བཅས་ཀྱི་ནང་སྙིང་ལེགས་པར་མཚོན། 

འཐེན་ཐུག་ལས་གཞན། ནོར་གནག་གི་ཤ་དང་འོ་མའི་ཐོན་རྫས། འཕང་འབྲས་སོགས་ཁྱད་ལྡན་ཐོན་རྫས་ཀྱི་འགྲེམ་སྟེགས་མདུན་དུའང་རོལ་མྱོང་དང་བློ་འདྲི་བྱེད་དུ་འོང་བའི་འགྲེམ་སྟོན་ཚོང་བ་དང་ཡུལ་སྐོར་བས་ཁེངས་འདུག

མཚོ་སྔོན་མགོ་ལོག་གངས་རིའི་ཟས་རིགས་ཚད་ཡོད་ཀུང་ཟིའི་ཕྱིར་ཚོང་སྤྱི་གཉེར་བ་ཡེང་ཅན་ཀེ་ཡིས་བཤད་རྒྱུར།  ང་ཚོའི“གངས་རི”ཞེས་པའི་ཀྲུང་ཧྭའི་ཟོང་རྟགས་གྲགས་ཅན་འདིའི་འབྲི་ཞོ་ནི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་ཐེངས་གཉིས་པ་ཡིན་ཞིང་།  ཧྲང་ཧའེ་ཡི་གྲོང་མི་དང་རྒྱ་ཆེའི་འགྲེམ་སྟོན་ཚོང་བས་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། ཕྱིར་ཉོ་རུ་ཡོང་བའི་མགྲོན་པོའང་མང་པོ་འདུག ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་སུ། ཉིན་རེའི་ཕྱིར་ཚོང་ཚད་སྒམ་ཆུང2000ཡས་མས་རེད།

 ཐོག་མར་བཤམས་པའི“མཚོ་སྔོན་གྱི་ཁྱིམ་གྱི་གསོལ་སྟོན”ཞེས་པ་ནས། འགྲེམས་སྟོན་ལ་བསྟུད་མར་ཐེངས་མང་པོར་ཞུགས་པའི་མཚོ་སྔོན་གྱི་ཁེ་ལས་བར་དུ། ནང་འདྲེན་དངོས་མང་སྟོན་ཚོགས་དེ་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཟས་རིགས་ཕྱིར་མངོན་པའི་སྣང་བརྙན་དང་ཁྲོམ་རར་འབྲེལ་མཐུད་བྱེད་པའི་སྒེའུ་ཁུང་གལ་ཆེན་ལྟ་བུར་གྱུར་ཡོད།

​མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འགོ་ཁྲིད་གཞོན་པ་ལི་ཞའོ་ཧུའེ་ཡིས་བཤད་རྒྱུར། ཟས་ཞིམ་པོར་བརྟེན་ནས་དཔལ་འབྱོར་ཉོ་ཚོང་གི་འབྲེལ་ཟམ་བཙུགས་པ་བརྒྱུད། མཚོ་སྔོན་གྱི་ཐོན་རྫས་བཟང་པོ་རྒྱལ་ཡོངས་དང་འཛམ་གླིང་གི་ཕྱོགས་སུ་བསྐྱོད་པ་དང་། ཁྱིམ་གྱི་གསོལ་སྟོན་ཞེས་པ་ཐེངས་གཅིག་བཤམས་པར་བརྟེན་ནས། གསོལ་སྟོན་གྱིས་ཐོན་རྫས་དྲིལ་སྒྲོག་དང་། ཐོན་རྫས་ཀྱིས་ཐོན་ལས་ལ་སྐུལ་འདེདགཏོང་བ། ཐོན་ལས་ཀྱིས་ཞིང་ལས་དར་རྒྱས་གཏོང་བ་བཅས་ཀྱི་ཐོན་ལས་མ་ལག་འཛུགས་དགོས།  ཚོང་དོན་སྤེལ་རེས་དང་འཛད་སྤྱོད་རོགས་སྐྱོར། བཟའ་བཏུང་རིག་གནས་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྒོ་འབྱེད་དང་གསོན་ཤུགས་མངོན་དགོས་པ་རེད།