ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་རྫོང་དཀར་ཡངས་ལ་ཁའི་ཡུལ་སྐོར་ལྗོངས་རྒྱུས་ཕྱོགས་བཞིའི་ཡུལ་སྐོར་བ་བཀུགས།
ཁུངས། ཀློག་གྲངས།

​ཉེ་ལམ། ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དར་ལུང་བར་མ་སྡེ་བའི་དཀར་ཡངས་ལ་ཁར་མཐོ་སྒང་མཛེས་མལྗོངས་ཀྱི་རྣམ་པ་གཞན་ཞིག་མངོན་ནས་ཕྱོགས་སོ་སོའི་ཡུལ་སྐོར་བ་མང་པོ་འགུག་བཞིན་ཡོད།   

རིག་གནས་ཡུལ་སྐོར་གྱི་ཚ་རླབས་མུ་མཐུད་དུ་མཐོར་རུ་བཏེགས་པ་དང་བསྟུན། གནས་འདིའི་མང་ཚོགས་ཀྱི་རང་གནས་ལས་གཏོད་དང་རང་གནས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐོབ་པ་དང། ཞིང་སྡེའི་ཡུལ་སྐོར་གྱི་ཚ་རླབས་ལ་བརྟེན་ནས་དར་ལུང་བར་མ་སྡེ་བའི་སྡེ་མི་ཡོངས་ཀྱིས་གོ་སྐབས་དམ་འཛིན་བྱས་ཏེ། ཡུལ་སྐོར་བའི་དགོས་མཁོ་ལྟར་ཁྱད་ལྡན་ཟ་ཁང་གཉེར་ནས་འོ་ཇ་དང་ཞོ་སོགས་བྲིན་འཚོང་བྱས་པར་བརྟེན། ཡུལ་སྐོར་སྒྲིག་གཞིའི་མི་འདང་ས་ཁ་གསབ་བྱས་ནས་ཞིང་སྡེའི་ཡུལ་སྐོར་ལྗོངས་རྒྱུ་དེ་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་ཡག་པོ་ཞིིག་ཏུ་བསྒྱུར།

དེ་མིན། དཔའ་རིས་རྫོང་བོད་རིགས་རང་སྐྱོང་རྫོང་བཀྲ་ཤིས་ཕྱུག་ལུང་གྲོང་རྡལ་གྱིས་ཀྱང་དུས་བཞིའི་ཡུལ་སྐོར་མཛེས་ལྗོངས་དང་ཞིང་སྡེའི་རིག་གནས་ཡུལ་སྐོར་གནད་སར་བྱེད་པ་དང། མང་ཚོགས་ཕྱུག་འགྱུར་དམིགས་ཡུལ་བྱས་ཏེ། མུ་མཐུད་དུ་སྐྱེ་ཁམས་ཐོན་ཁུངས་བསྐྱར་སྤྱོད་དང་ཡུལ་སྐོར་སྒྲིག་གཞི་འཐུས་ཚང་དུ་བཏོང་བ། ཞིང་སྡེའི་གསོན་ཤུགས་སྐུལ་སློང་བྱེད་པ། མཐོ་སྒང་གི་སྐྱེ་ཁམས་དགེ་མཚན་སྔོག་འདོན་བྱས་ཏེ་རིག་གནས་ཡུལ་སྐོར་སྔར་ལས་འཕེལ་རྒྱས་གཏོང་བའི་འབྱོར་ཕྱུག་འཆམ་མཐུན་གྱི་མཛེས་སྡུག་རི་མོ་ཞིག་འབྲི་བཞིན་ཡོད། 

དཔལ་རིས་རྫོང་སྨྱན་སྦྱོར་ལྟེ་གནས། ལྕགས་མོ་ཐར། གཡང་མཚོ།