མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ལེགས་པོར་རྩོམ་པའི”བརྗོད་དོན་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་ཚོགས།
ཁུངས། ཀློག་གྲངས།

ཟླ11པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་ཆར་འགོད་བཅོ་ལྔ་པ་འགོ་ལེགས་པོར་རྩོམ་པའི”བརྗོད་དོན་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་ཚོགས་ནས།   “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་གི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་བརྡ་ཁྱབ་བཏང་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི》འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

 “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ།  མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བཏོད་དེ་རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་གཞི་གདངས་དང་ལྗང་མདོག་གི་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་སུ་བཏང་།

 མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའུ་ཧྲུའུ་ཅི་ཏུང་ཡུས་དབྱིས་ཀྱིས་བཤད་རྒྱུར། རྒྱལ་ཁབ་ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས་ཀྱི་སྤུས་ལེགས་ཆུ་གཤིས་བསྟུད་མར་ལོ་ལྔར100%རྒྱུན་བསྲིངས་ཡོད་པ་དང་།   ཙོང་ཆུའི་འབབ་རྒྱུད་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གྱིས་ཚོད་འཛིན་བཅད་ངོས་ཀྱི་ལོ་རེའི་ཆུ་གཤིས་རིགས་གཉིས་པ་དང་དེའི་ཡན་དུ་སླེབས་ཡོད།  སྔོན་ཆད་རྗེས་ཤུལ་རྙེད་དཀའ་བའི་འབྱར་ཉ་དང་འདྲ་བའི་མཐོ་སྒང་གི་འདམ་ཉ་ནག་ཁྲ་ཡང་བསྐྱར་ཙོང་ཆུའི་ནང་ཐོན་ཡོད་པ་དང་།   ནུས་ཁུངས་གསར་པའི་གློག་འདོན་ཚད་ཀྱིས་ཟིན་པའི་བསྡུར་ཚད་དང་སྒྲིག་སྦྱོར་འཕྲུལ་འཁོར་གྱིས་ཟིན་པའི་བསྡུར་ཚད་སྔོན་དུ་མངོན་འགྱུར་བྱས་ཡོད།  འོད་དྲོད་འཛུགས་སྐྲུན་དང་སྐྲུན་བཞིན་པའི་གཞི་ཁྱོན་གཉིས་ཀ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། ལྗང་མདོག་གློག་གཏོང་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར25ལ་ཁྱབ་ཡོད། ལྗང་མདོག་རྩིས་ནུས་གཞི་ཁྱོན་ཉིས་ཁྲི་ཉིས་སྟོང་ལས་བརྒལ་ཡོད་པས།  “ལྗང་མདོག་གློག”དེ“ལྗང་མདོག་ནུས་པར”བསྒྱུར།  

ལོ་ལྔའི་འཆར་གོད་བཅོ་ལྔ་པའི་དུས་སྐབས་སུ།  མཚོ་སྔོན་གྱིས་འཐབ་ཇུས་ངེས་གནས་དང་། བར་སྟོང་གི་བཀོད་པ། བཅོས་སྐྱོང་གི་ཐབས་ལམ། རིན་ཐང་གི་ཁྲིད་ཕྱོགས། ཕྱོགས་སྒྱུར་གྱི་འགུལ་ནུས་བཅས་ཀྱི་ཐད《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ》དོན་འཁྱོལ་བྱས་ནས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ལ་ཁ་ཕྱོགས་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་འདུ་ཤེས་དང་ཐབས་ལམ་མ་ལག་བསྐྱར་འཛུགས་བྱེད་པར་སྐུལ་འདེད་གཏོང་དགོས།  

 2030ལོར་སླེབས་དུས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཁྱོན་ཡོངས་ནས་ལེགས་བཅོས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཞིང་ཆེན་གྱི་དཔེ་སྟོན་མ་དཔེ་ཞིག་བསྐྲུན་དགོས།

 མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། ཏུང་ཡུས་དབྱིས་ཡིས་བཤད་རྒྱུར། ང་ཚོས་བྱེད་ཐབས་ནན་མོ་བཏོན་ནས་དོན་འཁྱོལ་དམ་འཛིན་དང་འཕེལ་རིམ་དམ་འཛིན།  འགན་འཁྲི་ནན་མོ་དང་འཆར་འགོད་རི་མོ་ཡག་པོ་འབྲི་རྒྱུ་དང་།  འཆར་འགོད་ལག་བསྟར་སྒྲིག་འཛུགས་དང་སྐུལ་སྤེལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལས་གཞི་རེ་རེ་བཞིན་དམིགས་འབེན་ལས་འགན་ཁག་བགོས་དང་། རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་ནས་དམིགས་ཚད་དང་། ལས་འགན། གཙོ་གནད་བཟོ་སྐྲུན་བཅས་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱ་རྒྱུ། སྦྲེལ་མཐུད་ལ་ཤུགས་བསྣན་ནས་དུས་ཚོད་རེའུ་མིག་གཏན་འཁེལ་ཡག་པོ་བྱེད་དགོས། དུས་ཐུང་གི་དམིགས་འབེན་དང་དུས་ཡུན་རིང་འབྲིང་གི་དམིགས་འབེན་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་དང་། ལོ་ལྔའི་འཆར་འགོད་དང་ལོ་འཁོར་གྱི་འཆར་གཞི་ཟུང་འབྲེལ་དམ་པོ་བྱས་ཏེ། ལོ་འཁོར་ལ་བརྟེན་ནས་ལོ་ལྔ་འགན་ལེན་དང་། ལོ་ལྔ་ལ་བརྟེན་ནས་ཕུགས་ཡུན་དོན་གཉེར་བྱ་རྒྱུ་ཡིན།

ཁོན་མཚོ་སྐྱིད་དང་ཏིང་འཛིན་མཚོ་མོ་གཉིས་ཀྱིས་བསྒྱུར།