ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས།
ཁུངས། ཀློག་གྲངས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ11པའི་ཚེས11ཉིན་གྱི་སྔ་དྲོར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཞེ་ཁྲིན་ལུང་གིས་སྒྲོག་བཤད་སྙན་ཞུ་ཕུལ།

སྙན་ཞུའི་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་དམ་པོར་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཆོད་དོན》སྲོག་ཤིང་དུ་བཟུང་ཞིང་།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དོན་སྙིང་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》གྱི་སྲོག་ཤིང་དོན་སྙིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བཅས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་ཐད་ནས་སྲིད་ཇུས་སྒྲོག་བཤད་ཕྲ་ཞིང་ཞིབ་པ་བྱས། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ཆོད་གཏམ་གསར་པ་དང་བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་ལ་སྒྲོག་བཤད་ཁ་གསལ་བྱས་ནས། ཟི་ལིང་གིས་ཚད་གཞི་དང་རེའུ་མིག་ལྟར་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་ཞིབ་བསྡུར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་གནད་འཁེལ་ཟུར་ཁྲིད་དང་མཛུབ་སྟོན་བྱས།

གྲོང་ཁྱེར་རིམ་པའི་འགོ་ཁྲིད་བློ་མཐུན་དང་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་སློབ་གླིང་གི་དགེ་སློབ། རིགས་པའི་གཞུང་ལུགས་ཀྱི་ལས་སྒྲུབ་པ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། དམག་དཔུང་གི་དཔོན་དམག  གཞི་རིམ་ཏང་རྩ་འཛུགས། ལས་ཞུགས་གསར་པའི་ཚོགས་སྤྱི་སོགས་ལས་རིགས་ཁག་གི་འཐུས་མི320ལྷག་ཚོགས་འདུར་ཞུགས་ཡོད།

ཚང་མས་སྔ་རྗེས་སུ་བསྟན་དོན། སྙན་ཞུའི་ཚོགས་འདུ་ཡི་བརྗོད་དོན་ཁ་གསལ་དང་དབྱེ་ཞིབ་མཐའ་གསལ་ཡིན་ཞིང་། རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་ཟབ་ཚད་ཀྱང་ཡོད། ཕན་འབྲས་སྔོན་འགྲོར་བཟུང་ནས་སློབ་སྦྱོང་གསོ་སྦྱོང་དང་དྲིལ་སྒྲོག་སྒྲོག་བཤད། ལག་བསྟར་དོན་འཁྱོལ་སོགས་ཀྱི་ལས་དོན་ཁག་དམ་འཛིན་ལེགས་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཤེས་རྟོགས་ཚུལ་སྒྱུར་དང་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས།  སློབ་སྦྱོང་དང་ཤེས་རྟོགས། མཐིལ་ཕྱིན། དོན་འཁྱོལ་བཅས་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས“གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་དགོས།

ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཆིན་ཀྲི་སྤྱི་ཚོགས་ལས་དོན་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ལི་ཡིས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་འཛུགས་ཀྱིས་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ནས་ཏང་འཛུགས་དང་སྤྱི་ཚོགས་ལས་དོན་གྱི་སྤྱི་ཕན་ཞབས་ཞུ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲི་པུའུ་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་ནན་ཏན་བྱས་ནས། དཀའ་ངལ་ཡོད་པའི་བྱིས་པར་རོགས་རམ་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་འདྲི་རྟོག་སོགས་ཀྱི་ཞབས་ཞུ་ཡག་པོར་བསྒྲུབ་དགོས་ལ། ཏང་ཨུ་དང་སྲིད་གཞུང་། མང་ཚོགས་བཅས་ཀྱི་སྦྲེལ་ཟམ་ཡག་པོ་ཞིག་བྱ་དགོས།

​