ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པས་སྒྲོག་བཤད་བྱེད་སྒོ་སྤེལ།
ཁུངས། ཀློག་གྲངས།
ཟླ11ཚེས19ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མི་ཤུའེ་ཁྲེང་ལུང་དང་། རེན་ཅན་ཧྭ། ཡན་ཀའོ་གོ མ་ཁྲང་ཏེ། པད་མ་ལྷུན་གྲུབ་བཅས་སོ་སོར་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་བཅས་སུ་སོང་སྟེ་གཅིག་སྡུད་སྒྲོག་བཤད་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་རང་འགན་གཙང་སྒྲུབ་དང་དམ་པ་དོན་གཉེར་གྱི་བྱ་སྤྱོད་དངོས་སུ་བསྒྱུར་བར་ཁྲིད་སྟོན་བྱས། 
སྒྲོག་བཤད་བྱེད་སྐབས། ཞིང་ཆེན་ཏང་ཨུའི་སྒྲོག་བཤད་ཚོགས་པའི་ཁོངས་མིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་པར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཁོང་དུ་ཆུད་པ་བྱེད་པ་སོགས་ཀྱི་ཐད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་བཤད་དང་འཆད་འགྲེལ་གཏིང་ཟབ་བྱས།  སྒྲོག་བཤད་བྱ་ཡུལ་དུ་ཚོགས་ཞུགས་མི་སྣས་ནན་ཏན་གྱིས་ཉན་པ་དང་ཟིན་བྲིས་འགོད་པ་དང་རྣམ་པ་འཁྲུག་ཆ་དོད། 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཏང་ཡོན་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཡུང་ཚུན་གྱིས་བཤད་རྒྱུར། སྒྲོག་བཤད་སྙན་ཞུར་ཉན་རྗེས། སྐུལ་མ་ཆེན་པོ་ཐེབས་པ་དང་དཔའ་ངར་ཆེ་ཆེར་བསྐྱེད། ང་ཚོའི་རྩ་འཛུགས་སྡེ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དེ་དེང་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་རྒྱུ་ཡིན། གནད་འཁེལ་ཇུས་འདོན་དང་རིམ་དབྱེ་རིགས་དབྱེ་བྱས་ནས་ཏང་ཡོན་གྱི་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ་དང་།  སློབ་གསོའི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་མུ་མཐུད་དུ་ཇེ་མཐོར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་གྱིས་སློབ་སྦྱོང་གི་གྲུབ་འབྲས་དེ་ཏང་ལ་ལྷག་བསམ་རྣམ་དག་ཡིན་པའི་དད་སེམས་བརྟན་པོ་དང་མཚོ་སྔོན་གསར་པ་འཛུགས་སྐྲུན་ནང་ཞུགས་པའི་སྒུལ་ཤུགས་གལ་ཆེན་དུ་བསྒྱུར་ཆེད་རྒྱུན་ཆད་མེད་པར་ཁྲིད་སྟོན་བྱ་རྒྱུ་ཡིན། 

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཞིབ་བཤེར་ཁྲུའུ་ཡི་རིམ་པ་དང་པོའི་ཀྲུའུ་རེན་ཁོ་ཡོན་ཝང་ཧུང་གིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རང་འཁྲིའི་ལས་གནས་ཐོག་དོན་འཁྱོལ་བྱས་ཏེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གཙོ་རྐང་ལ་དམ་པོར་དམིགས་ནས། དངོས་སྒྲུབ་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ལ་བརྟེན་ཏེ། ཚད་གཞི་མཐོ་བའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དཔེ་སྟོན་ཞིང་ཆེན་བསྐྲུན་ཏེ། མཚོ་སྔོན་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་བསྐྲུན་པའི་ཐད་ནས་མདུན་གྲལ་དུ་བསྐྱོད་ཐུབ་པར་སྐུལ་འདེད་གཏང་རྒྱུ་ཡིན། 

སྒྲོག་བཤད་བརྒྱུད་ནས་ཏང་ཡོན་ལས་བྱེད་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྔར་ལས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། སྒྲོག་འགྲེལ་སྙན་ཞུའི་འཆད་འགྲེལ་མ་ལག་ཁ་གསལ་ཞིང་དོན་དངོས་དང་བསྟུན་ཡོད་དེ། གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་ལག་ལེན་གྱི་ཁྲིད་ཕྱོགས་ཀྱང་ཡོད་པས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དམ་པ་དོན་གཉེར་བྱེད་པའི་མཛུབ་སྟོན་གྱི་ནུས་པ་ཧ་ཅང་ཆེན་པོ་ལྡན། མུ་མཐུད་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ། སྤྱོད་སློབ་སྦྱངས་གསུམ་དང་ཤེས་བསྟར་ངོས་ཟིན་གཅིག་གྱུར་བྱས་ནས། འགན་འཁུར་ལས་སྒྲུབ་དང་དམ་པ་དོན་གཉེར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་སུ་བསྒྱུར་ཏེ། ཏང་ལ་དོ་དམ་དང་ཏང་ནན་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལོན་པར་སྐུལ་འདེད་གཏོང་དགོས། 
མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་ལི་མིང་ཧུའེ་ཡིས་བཤད་རྒྱུར།ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་དེ་འགན་འཁྲི་གཙང་སྒྲུབ་ཀྱི་རང་རྟོགས་སུ་བསྒྱུར་བ་དང་། སྤྱོད་ཚུལ་ནན་མོར་བརྟེན་ནས་རང་འཁྲིའི་ལས་དོན་ཡག་པོར་བསྒྲུབས་ཏེ། གསོ་རིག་སྨན་རྫས་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཞབས་འདེགས་ཞུ་བ་དང་མང་ཚོགས་ཀྱི་སྨན་སྤྱོད་བདེ་འཇགས་ལ་འགན་སྲུང་བྱ་ཆེད་རང་ཉིད་ཀྱི་ནུས་པ་གང་ལེགས་འདོན་དགོས།

​མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་ལག་རྩལ་དོ་དམ་པུའུ་ཡི་ཀྲུའུ་རེན་སུང་མིང་ཧྲེང་གིས་བཤད་རྒྱུར། རྒྱང་སྒྲོག་བརྙན་འཕྲིན་བདེ་འཇགས་ངང་སྟོན་རྒྱུ་ནི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གལ་ཆེན་ཞིག་ཡིན། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལས་ཚན་བདེ་འཇགས་ངང་གཏོང་བར་དོ་དམ་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ལས་གནས་ཀྱི་འགན་འཁྲི་ཇེ་དམ་དུ་བཏང་ནས་སྒྲིག་ཆས་འཁོར་སྐྱོད་དང་མངོན་མེད་རྐྱེན་ངན་གྲལ་བཤེར། འཕྲལ་བསྟུན་འཁྲབ་སྦྱོང་བཅས་དམ་འཛིན་ནན་མོ་བྱས་ནས།  བརྒྱུད་གཏོང་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱུན་ལྡན་གྱི་ལས་རེས་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་གཅིག་གྱུར་འཆར་འགོད་བྱས་ནས་ལེ་ཚན་བདེ་འཇགས་ངང་གཏོང་བའི་ཚད་མཐའ་བརྟན་སྲུང་བྱ་རྒྱུ་ཡིན། 

རིན་ཆེན་མཚོས་བསྒྱུར།