《མཚོ་སྔོན་ཉིན་རེའི་ཚགས་པར》སྟེང་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ།
ཁུངས། ཀློག་གྲངས།

​ཚེས23ཉིན་པར་དུ་བསྐྲུན་པའི《མཚོ་སྔོན་ཉིན་རེའི་ཚགས་པར》སྟེང་དཔྱད་བརྗོད་པའི་རྩོམ་ཡིག་སྟེ།《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས།——ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ》ཞེས་པ་སྤེལ།

རྩོམ་ཡིག་ལས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པས་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་དོན་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་རྒྱུར་མ་ལག་ཚང་བའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་།“འདུ་ཤེས་བཞི”འཛིན་ཤུགས་ཆེ་རུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་རང་རྟོགས་ངང་བསམ་སྦྱོར་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། རང་ངོས་གསར་བརྗེ་བྱེད་པའི་ལག་ལེན་གྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། རྩ་བའི་དགོངས་གཞི་ནན་མོ་དང་བྱེད་ཐབས་ནན་མོ། རྣམ་པ་ནན་པོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ཏང་གཤིས་རྨང་བརྟན་སྟོབས་ལྡན་དུ་གཏོང་བ་དང་དབང་ཆ་ཚད་ལྡན་དུ་བཏང་ནས་སྒྲིག་སྲོལ་འཛུགས་པ། ལས་བྱེད་ནན་སྐྱོང་གིས་དཔུང་ཁག་སྟོབས་ཆེར་གཏོང་བ། སྤྱོད་སྲོང་སྒྲིག་ནན་རུལ་རྒོལ་བཅས་ཀྱིས་ཁོར་ཡུག་གཙང་དག་བཟོས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་སྲ་བརྟན་དུ་གཏོང་དགོས་པ་བསྟན།