【མཐོ་སྒང་གི་རྨང་གཞི་སྲ་བརྟན་དང་། འབྱུང་འགྱུར་གསར་སྐྲུན་བྱེད།】 གཙང་པོའི་མགོ་ཁུངས་ཀྱིས་བླ་སྲོག་བསྐྲུན་ཏེ། བསམ་བློ་ཆབ་སྲིད་ཀྱིས་སེམས་རྒྱུད་གསོ།
ཁུངས། ཀློག་གྲངས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་དེ་སློབ་ཁང་དུ་ཁྲིད་དགོས་པར་མ་ཟད། སྤྱི་ཚོགས་འཚོ་བའི་ཁྲོད་ནས་ཀྱང་ཁྲིད་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་མཛུབ་སྟོན་གལ་ཆེན་ཡིད་ལ་དམ་པོར་བཅངས་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ཆབ་སྲིད་སློབ་གསོའི་གཙོ་གནད་དུ་བཟུང་སྟེ། གསར་བརྗེ་དང་སྐྱེ་ཁམས་སོགས་རང་སའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས། རིགས་སོ་སོས་མཐོ་སྒང་དུ་རྩ་བ་ཚུགས་པའི་བློས་གཏོང་གི་སྙིང་སྟོབས་དེ། ཆེས་གསོན་ཉམས་ལྡན་པའི་མི་གཞི་གསོ་སྐྱོང་བྱེད་པའི་གནད་འགག་ཏུ་བསྒྱུར་ཏེ། བྱིས་པ་ཚོར་གནས་ཚུལ་དངོས་ཀྱི་ཁྲོད་ནས་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཤེས་རྟོགས་དང་། ཁྱིམ་ཚང་དང་རྒྱལ་ཁབ་ལ་བྱས་རྗེས་འཇོག་པའི་དོན་སྙིང་རྟོགས་ཐུབ་པར་བྱེད་དགོས།

2024ལོའི་ཟླ6པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། ཐོག་མར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་དུ་ཕེབས་ཏེ། རིགས་སོ་སོའི་དགེ་སློབ་ལ་འཚམས་འདྲི་དང་བསམ་བློ་ཆབ་སྲིད་སློབ་ཁྲིད་ལ་ལྟ་སྦྱོང་བྱས། སྐབས་དེར། འབྲོག་ཁུལ་གྱི་བུ་མོ་ངེས་དོན་ལྷ་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་རང་ཉིད་ཀྱི་སློབ་སྦྱོང་གི་འཚོ་བ་དང་ཕ་ཡུལ་གྱི་འགྱུར་ལྡོག་མཉམ་སྤྱོད་བྱས། ཡིད་དུ་འོང་བའི་ཐུག་འཕྲད་དེས། མཐོ་སྒང་གི་བྱིས་པ་དེའི་མི་ཚེའི་ལམ་ཁ་ལ་འགྱུར་ལྡོག་གཏོང་བཞིན་འདུག

ལོ་གཉིས་ལྷག་འགོར་རྗེས། གསར་འགོད་པས་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཡང་བསྐྱར་ངེས་དོན་ལྷ་མོ་མཐོང་བ་ན། མོ་རང་གཞི་ནས་ཁྱིམ་ཚང་དང་རྒྱལ་ཁབ་ཡིད་ལ་བཅངས་པའི་མཐོ་རིམ་སློབ་གྲྭའི་སློབ་མ་ཞིག་ཏུ་གྱུར་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་ཚེའི་སྒྲོག་གུ་དང་པོ་ལེགས་པར་སྒྲོག་དགོས”ཞེས་པའི་བརྩེ་བས་ཕྱུག་པའི་གསུང་ཚིག་སྙན་མོ་དེ་ཡིད་ལ་དམ་པོར་བཅངས་ཏེ། ངེས་དོན་ལྷ་མོས་རང་འགུལ་གྱིས་སློབ་སྔོན་སློབ་གསོའི་ཆེད་ལས་བདམས་པ་དང་། རྒྱུན་མཐུད་པའི་བསམ་བློ་ཆབ་སྲིད་ཀྱི་མཁའ་དབུགས་བཟང་པོའི་ཁྲོད་ནས། ཕ་ཡུལ་ལ་དྲིན་ལན་འཇལ་བ་དང་ཕ་ཡུལ་ལ་དྲོད་ཁོལ་སྩོལ་བའི་ཕུགས་བསམ་ཇེ་བརྟན་དུ་བཏང་།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ། ངེས་དོན་ལྷ་མོས་བཤད་རྒྱུར།

སློབ་མཐར་ཕྱིན་རྗེས། ང་རང་ཕ་ཡུལ་དུ་ལོག་སྟེ། དམིགས་བསལ་གྱི་བརྒྱུད་རིམ་དེ་བྱིས་པ་སྔར་ལས་མང་པོར་བཤད་ནས། ཁོ་ཚོ་ལ་ང་ཚོ་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ནང་གི་ཁོངས་མི་ཞིག་ཡིན་པ་ཤེས་སུ་བཅུག་ནས། བློ་ཁ་གཅིག་ལ་ཕྱོགས་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ། ཕན་ཚུན་རོགས་རམ་གྱིས་མཉམ་དུ་མདུན་སྐྱོད་བྱ་རྒྱུ་ཡིན།

ད་སྐབས། ངེས་དོན་ལྷ་མོ་སྔོན་ཆད་བསྡད་མྱོང་བའི་སློབ་ཁང་ནང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྗོད་དོན་གཙོ་བོར་བྱས་པའི་ཁྱད་ལྡན་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་རྒྱུན་མཐུད་ངང་ཁྲིད་བཞིན་ཡོད། དགེ་རྒན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་བཅངས་ནས། བློ་སེམས་རྩེ་གཅིག་གིས“གཏམ་རྒྱུད་གསུམ”ལེགས་པར་བཤད་དེ། ཕ་ཡུལ་གྱི་འཕེལ་རྒྱས་དང་དུས་རབས་ཀྱི་འཕོ་འགྱུར་སློབ་ཁྲིད་ཀྱི་ཁྲོད་དུ་འདྲེས་པར་བྱས་ཏེ། བྱིས་པ་ཚོར་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་འགན་འཁྲི་འཁུར་སེམས་ཤེས་སུ་འཇུག་པ་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་ལ་གོ་བ་ལེན་དུ་བཅུག སློབ་གྲྭས་ད་དུང“ན་གཞོན་སྲིད་གླེང་ཚོགས་པའི”ལད་ཟློས་སྲིད་གྲོས་ཚོགས་པ་གསར་དུ་བཙུགས་ཏེ། སློབ་མར་སློབ་དེབ་ཙམ་མ་ཡིན་པར། ཕ་ཡུལ་ལ་ལྟ་ཞིབ་དང་། ལག་ལེན་ལ་རྟོག་ཞིབ་བྱེད་པར་ཁྲིད་སྟོན་བྱས་ནས། མིག་མཐོང་ལག་ཟིན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་ཁྲོད་ནས། རྒྱལ་ཁབ་ལ་དྲིན་གཟོ་བྱེད་པའི་ཐོག་མའི་སེམས་འདུན་བརྟན་པོ་ཆགས།

ཉིན་འདི་གཉིས་ཀྱི་རིང་། མཚོ་བྱང་ཁུལ་ཧེ་ཡན་རྫོང་མདོ་ལ་རི་བོའི་སློབ་ཆུང་གི་སློབ་མ་ཚོ་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་བསྐྱོད་དེ་སྔོན་བྱོན་པ་ཚོའི་འབད་འཐབ་བྱས་རྗེས་ལ་རོལ་མྱོང་བྱེད་དུ་ཡོང་།

མཚོ་བྱང་ཁུལ་ཧེ་ཡན་རྫོང་མདོ་ལ་རིང་མོའི་སློབ་ཆུང་། ཝང་ཁྲེན་གྱིས་བཤད་རྒྱུར། 

དཔའ་བོ་ཚོར་མེ་ཏོག་འབུལ་སྐབས། ངའི་སེམས་སུ་སྐྱོ་བ་ཞིག་དང་སེམས་འགུལ་ཅིག་ཀྱང་དབང་མེད་དུ་ཐེབས། ཨ་ཁུ་དང་ཨ་ནེ་དེ་འདྲ་མང་པོ་ཞིག་ཕ་ཡུལ་དང་རྒྱང་དུ་གྱེས་ནས་རང་གི་རུས་མིང་གསང་སྟེ་མཐོ་སྒང་འདིར་ཐོན་ནས་བྱ་བར་འབད་བརྩོན་བྱས།  ད་ལྟའི་བརྟན་ལྷིང་གི་འཚོ་བ་ལས་སླ་མོར་བྱུང་བ་ཞིག་མིན་པ་ཤེས་བྱུང་། ངས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཡིད་ནས་མི་བརྗེད་པར། དཔའ་བོ་སྔོན་རབས་པ་དེ་དག་བློ་ལ་བརྟན་པོར་ངེས་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་ལ། མ་འོངས་པར་ང་ཚོའི་ཕ་ཡུལ་སྲུང་སྐྱོང་ཡག་པོ་དང་ང་ཚོའི་མེས་རྒྱལ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ཡིན།

ལོ་ངོ་དྲུག་ཅུ་ལྷག་གི་གོང་དུ་མི་རིགས་སོ་སོའི་སྤུན་ཟླས་བློ་སེམས་གཅིག་སྒྲིལ་གྱིས་གསེར་དངུལ་ཐང་དུ་རྒྱལ་ཁབ་ཆེན་པོའི་མཚོན་ཆ་བསྐྲུན་ཡོད། ལོ་དྲུག་ཅུ་ལྷག་གི་རྗེས་ཀྱི་ད་ལྟ། མཚོ་སྔོན་གྱི་སློབ་མ་རྣམས་ཀྱིས་རྒྱལ་གཅེས་ཀྱི་བརྩེ་སེམས་བཅངས་ནས། ད་ལོའི་ཚུན་དུ་རིམ་རྩིས་བྱས་ན་མཚོ་སྔོན་གྱི་སློབ་མ་འབུམ1ལྷག་རྡུལ་ཕྲན་མཁར་དུ་བསྐྱོད་དེ“ མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། དུས་རབས་ཕྱེད་ཀ་ལྷག་བརྒལ་བའི་བསམ་པའི་མེ་སོན་འདི།  ད་ལྟ“འགུལ་སྐྱོད་ཀྱི་བསམ་བློ་ཆབ་སྲིད་སློབ་ཁྲིད”བརྒྱུད་དེ་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་སློབ་མའི་སེམས་ནང་དུ་མྱུ་གུ་འབུས་བཞིན་ཡོད།

མཚོ་བྱང་ཁུལ་ཧེ་ཡན་རྫོང་མདོ་ལ་རིང་མོའི་སློབ་ཆུང་དགེ་རྒན། ཧྲི་ཡུང་ཐིན་གྱིས་བཤད་རྒྱུར།

ང་ཚོས་སློབ་ཕྲུག་ཚོ་ཁྲིད་དེ་འདི་གར་ཡོང་དོན་ནི་བསམ་བློ་ཆབ་སྲིད་སློབ་གསོ་ཡུལ་དངོས་ནས་སྟོན་ཆེད་ཡིན། བྱིས་པ་ཚོར་ང་ཚོའི་ཁྱིམ་ཚང་དང་རྒྱལ་ཁབ་ནི་མི་རིགས་སོ་སོས་མཉམ་དུ་སྲུང་སྐྱོང་དང་མཉམ་དུ་འཛུགས་སྐྲུན་བྱས་པའི་ཁྱིམ་གཞིས་ཆེན་པོ་ཞིག་ཡིན་པ་ཤེས་སུ་འཇུག་དགོས།

སློབ་ཁྲིད་ལག་ལེན་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་མང་པོ་བྱ་རྒྱུ་དེའི་རྒྱབ་ལོགས་སུ་ཞིང་ཆེན་ཡོངས་ཀྱིས་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་བཀོད་སྒྲིག་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ནས་བཟུང་། མཚོ་སྔོན་གྱི་རྨང་གཞིའི་སློབ་གསོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་སྐྱོང་མི་སྐྱོང་གི་མངགས་བཅོལ་ལ་ཐོག་མཐའ་བར་གསུམ་དུ་དམིགས་ཏེ་སློབ་ཁང་སློབ་ཁྲིད་ཀྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱས་ཏེ། རིམ་བཞིའི་འགོ་ཁྲིད་ལས་བྱེད་པ་དང་། ཆེད་དམིགས་གདན་ཞུའི་དགེ་རྒན་ཆེན་མོ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟེགས་སུ་ཞུགས་པར་སྐུལ་འདེད་བཏང་བ་དང་། ལོ་རེར་ཆ་སྙོམས་སློབ་ཁྲིད་ཐེངས1400ལྷག་བྱས་པ་དང་། བསམ་བློ་ཆབ་སྲིད་སློབ་ཁྲིད་གཞི་གཅིག་ཅན་གྱི་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་བརྟེན་ནས་དཔེ་སྟོན་སློབ་ཚན་དང་བསམ་བློ་ཆབ་སྲིད་གཙོ་ཆེའི་སློབ་ཚན350ལྷག་བསྐྲུན། བསམ་བློ་ཆབ་སྲིད་དགེ་རྒན་གྱི་གཙོ་ཤུགས་སྟོབས་ཆེར་གཏོང་དགོས་ཤིང་། ཞིང་ཆེན་དང་། གྲོང་ཁྱེར། རྫོང་། སློབ་གྲྭ་བཅས་རིམ་པ་བཞིའི་གསོ་སྦྱོང་མ་ལག་བཙུགས་ཏེ། ཆབ་སྲིད་མི་སྐྱོང་གི་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་འཛུགས་དགོས། བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་གཙང་གསུམ་ན་གཞོན་གྱིས་མི་རབས་ནས་མི་རབས་བར་དྲིན་ཚོར་དང་བདེ་ཐང་འཚར་ལོངས་ཡོང་བར་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་རྒྱལ་གཅེས་བྱས་རྗེས་འབུལ་བའི་དད་སེམས་དེ་བརྩོན་འགྲུས་ཡར་ཐོན་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ལང་ཚོའི་ཕུགས་འདུན་དུ་འགྱུར་བར་བྱེད་དགོས།

​མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་བསམ་བློ་ཆབ་སྲིད་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་། ལུང་ཧའེ་མུན་གྱིས་བཤད་རྒྱུར། 

གོ་རིམ་རྗེས་མར། ང་ཚོས་ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་སེམས་ལ་སིམ་ཞིང་། སློབ་ཚན་མ་ལག་དང་། གསོ་སྐྱོང་མ་ལག  ལག་ལེན་མ་ལག  ཐོན་ཁུངས་མ་ལག  སྤུས་རྟགས་མ་ལག་བཅས་འཛུགས་སྐྱོང་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་གསར་པའི་མི་སྣ་གསོ་སྐྱོང་བྱེད་པར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས།