ཞི་ཅིན་ཕིང་གིས་ལའོ་ཝུའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ50འཁོར་བར་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ12པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལའོ་ཝུའོ་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ50འཁོར་བར་ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ལའོ་ཝུའོ་མི་དམངས་གསར་བརྗེ་ཏང་གིས་ལའོ་ཝུའོ་མི་དམངས་མཐུན་སྒྲིལ་ངང་སྣེ་ཁྲིད་བྱས་ཏེ། དཀའ་སྤྱད་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་ནས་གསར་བཅོས་སྒོ་འབྱེད་ཀྱི་བྱ་གཞག་ཁྲོད་དགའ་འོས་པའི་གྲུབ་འབྲས་བཟང་པོ་བླངས་ཤིང་། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པར་མ་ཟད། རྒྱལ་སྤྱི་དང་ས་ཁུལ་གྱི་ཤུགས་རྐྱེན་མངོན་གསལ་སྒོས་ཇེ་མཐོར་ཕྱིན་ཡོད། བློ་མཐུན་དང་སྤུན་ཟླའི་ངོས་ནས་ཀྲུང་གོ་ཕྱོགས་དེའི་ཐད་ལ་དགའ་སྤྲོ་ཆེན་པོ་སྐྱེས་བཞིན་ཡོད། ལའོ་ཝུའོ་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་ལེགས་པོར་བསྐྱོད་དེ། ལའོ་ཝུའོ་ཏང་གི་ཚོགས་ཆེན་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པར་ཡིད་ཆེས་བརྟན་པོ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་བློ་མཐུན་ཐུང་ལུན་གྱིས་ད་ལོའི་ཟླ9པར་ཀྲུང་གོར་འཚམས་འདྲི་མཛད་ཅིང་། ང་དང་བློ་མཐུན་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་གོ་དང་ལའོ་ཝུའོ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏིང་ཟབ་སྒོས་འཛུགས་སྐྲུན་བྱེད་པའི་ཐད་ལ་འཐབ་ཇུས་ཀྱི་ཐུན་མོང་ངོས་འཛིན་གསར་པ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལའོ་ཝུའོ་ནི་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བརྩི་བཞིན་ཡོད་ལ། ལའོ་ཝུའོ་ཕྱོགས་དང་མཉམ་དུ། སང་ལོ་ཀྲུང་གོ་དང་ལའོ་ཝུའོ་བར་ལ་ཕྱི་འབྲེལ་བཙུགས་ནས་ལོ65འཁོར་བ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་བརྩེ་རྒྱུན་མཐུད་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ཏེ། དུས་སྐབས་གསར་པའི་ཀྲུང་ལོའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས།