ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།


ས་དེའི་ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པིས་ཧྲི་ཁའེ་ཁི་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས། ཞི་ཅིན་ཕིང་གིས་ཁ་བྱང་ལ《ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྔར་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།

ས་དེའི་ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པིས་ཧྲི་ཁའེ་ཁི་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས།

ས་དེའི་ཟླ9པའི་ཚེས1ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པིས་ཧྲི་ཁའེ་ཁི་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས། ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་མཉམ་པར་བསྐྱོན།

ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་མཉམ་པར་བསྐྱོན་པ་དང་། དེའི་རྗེས་སུ་གཙོ་འཛིན་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་པ་མ་ཟད། ཁ་བྱང་ལ《ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྔར་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས》ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ25འཁོར་བའི་ལོ་ཡིན། ལོ25ཡི་སྔོན་ལ། འཇམ་འཐབ་ཀྱི་བསླབ་བྱ་ཟབ་མོ་དང“ངན་ཤུགས་གསུམ”གྱི་དོན་དངོས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ལ་བཅངས་པའི་རེ་སྒུག་ལ་འཇིགས་སྐུལ་ཐེབས།  བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁུལ་དང་རྒྱལ་ཁབ་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར།  དེར་བརྟེན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དུས་མཉམ་དུ་བྱུང་བ་དང་། དེའི་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་ཉིན་རེ་བཞིན་མངོན་པ་རེད། ལོ25ཡི་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་མྱོང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེས་གཙོ་བོ་ནི་རིམ་པ་བཞིན་དུ་འཛམ་གླིང་སྟེང་མངའ་ཁོངས་ཆེས་ཆེ་ཞིང་། མི་འབོར་ཆེས་མང་བ།  འཕེལ་རྒྱས་ཀྱི་བག་ཤུགས་ཆེས་ཆེ་བའི་ས་ཁོངས་མཉམ་ལས་ཀྱི་རྩ་འཛུགས་གསར་པ་ཞིག་ཏུ་གྱུར་བ་དེ་རེད། ཆེས་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་ནི་གསར་གཏོད་རང་བཞིན་གྱི་སྒོ་ནས་ཕན་ཚུན་བར་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། སྣ་མང་དཔལ་ཡོན་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”བཏོན་པ་དེ་རེད། མཉམ་ལས་ཀྱི་ཉམས་མྱོང་ཆེས་གཙོ་བོ་ནི་མནའ་འབྲེལ་དུ་མི་ཞུགས་པ་དང་། འགྲན་རྒོལ་མི་བྱེད་པ། དམིགས་གཏད་མི་བྱེད་པ་བཅས་ཀྱི་ཕྱོགས་གསུམ་པའི་ཐབས་ལམ་ཡང་དག་ཅིག་བཙལ་ཏེ། ས་ཁུལ་དང་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་ཐུན་མོང་གི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་རེད། ལོ25ཡི་རྗེས་ཀྱི་དེང་གི་དུས་འདིར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་པ་དང་། གླེང་མོལ་དང་འགྲན་རྒོལ། གཉིས་རྒྱལ། ཕྱོགས་མང་དང་ཕྱོགས་རྐྱང་གི་ཛ་དྲག་གི་འགྲན་རྩོད་འོག དམག་འཁྲུག་གི་དུ་ཞག་ནམ་ཡང་ཡལ་མ་མྱོང་། མིའི་རིགས་ཀྱི་ལས་སྐལ་དང་འབྲེལ་བའི་བཞི་མདོ་རུ།  ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཕོད་པ་དང་། ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་རང་འགུལ་གྱིས་ཁྲིད་སྟོན་བྱེད་དགོས།

ཞི་ཅིན་ཕིང་གིས་བཞེད་དགོངས་ཁག་བཞི་བཏོན་པ་སྟེ། 

དང་པོ། འཕེལ་རྒྱས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ནས། ཐུན་མོང་དར་རྒྱས་འགྲོ་བའི་མདུན་ལྗོངས་ཤིག་གཏོད་དགོས། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་དར་སྤེལ་བཏང་སྟེ། ཉོ་ཚོང་དངུལ་གཏོང་དང་མཉམ་འབྲེལ་མཉམ་མཐུད། ནུས་ཁུངས་ཐོན་ཁུངས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་བརྟན་དུ་གཏོང་བ་དང་། མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། ལྗང་མདོག་ཐོན་ལས། ལྗང་མདོག་གཏེར་ཁ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། ས་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་སྤུས་འདེགས་རིམ་སྤར་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལག་བསྟར་བྱེད་པའི་ཐོག་མའི་ས་ཁོངས་སུ་བདམས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་དང་ཞིང་ལས་འགྲེམ་ཚོགས་སོགས་ཀྱི་བྱེད་སྒོ་མུ་མཐུད་དུ་ལེགས་པར་སྒྲུབ་སྟེ།  ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་ཁ་ཕྱོགས་ནས་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་མི་ཐབས་རིག་ནུས་ཉེར་སྤྱོད་མཉམ་ལས་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། ཐེན་ཅིན་དུ་ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འགག་སྒོའི་དཔལ་འབྱོར་མཉམ་ལས་ལྟེ་གནས་བཙུགས་ཏེ། མ་འོངས་པའི་ལོ3རིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དང་མཉམ་འབྲེལ་བྱས་ནས་ཚན་རྩལ་མཉམ་ལས་རྣམ་གྲངས100ལག་བསྟར་བྱ་རྒྱུ་ཡིན།

གཉིས་པ། བདེ་འཇགས་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ། ཡོངས་ཁྱབ་ཏུ་བདེ་འཇགས་ཀྱི་ཁོར་ཡུག་བསྐྲུན་དགོས། སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ཀྱི་འཇིགས་སྐུལ་ལ་གཅིག་འདོམས་དང་ཁ་གཏད་འཇལ་ཏེ། “ངན་ཤུགས་གསུམ”དང་། རྒྱལ་ཁོངས་བརྒལ་ནས་རྩ་འཛུགས་ཡོད་པའི་ཉེས་པ་བསགས་པ། དུག་རྫས་ལྐོག་འདྲེན་དང་གློག་འཕྲིན་གཡོ་བསླུ་བཅས་ལ་རྡུང་རྡེག་གཏོང་བ་དང་། ཆ་འཕྲིན་དང་། སྐྱེ་དངོས། ཕྱི་རོལ་གྱི་བདེ་འཇགས་མཉམ་ལས་ལ་ཤུགས་བསྣན་ནས།  ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་རྒྱལ་ཁབ་སོ་སོའི་ནང་སྲིད་ལ་ཐེ་གཏོགས་དང་། ཆབ་སྲིད་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ། ས་ཁུལ་གྱི་གཏན་འཇགས་ལ་གཏོར་བརླག་བཟོ་བར་འགོག་སྲུང་ནན་མོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་ལག་བསྟར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི“བདེ་འཇགས་ལྟེ་གནས་བཞི”སྔ་མོ་ནས་སྤྱོད་འགོ་བརྩམས་ཏེ། ཁོངས་ཞུགས་རྒྱལ་ཁབ་ཀྱིས་བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་གདོང་གཏོད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

གསུམ་པ། “ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་བྱ་སྤྱོད”ལ་བརྟེན་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅོས་སྒྱུར་འཐུས་ཚང་ཡོང་བར་སྣེ་ཁྲིད་བྱེད་དགོས། རོགས་པ་སྒྲིག་ནས་མནའ་འབྲེལ་དུ་མི་ཞུགས་པ་དང་། གླེང་མོལ་བྱས་ནས་འགྲན་རྒོལ་མི་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་རྒྱལ་ཁབ་ཁག་འདྲ་མཉམ་ངང་ཞུགས་པ་དང་། ཡོངས་ཁྱབ་ཏུ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁེར་གྷི་སི་ཐན་གྱི་སྲིད་འཛིན་ཀྲ་ཕ་ལུའོ་ཧྥུའུ་ཡིས་ཚོགས་འདུར་འགོ་འཛིན་མཛད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཨུ་རུ་སུ་དཀར་པོའི་སྲིད་འཛིན་ལུའུ་ཁ་ཧྲིན་ཁི་དང་། རྒྱ་གར་གྱི་ཙུང་ལི་མོ་ཏི། དབྱི་ལང་གི་སྲིད་འཛིན་ཕེ་ཙི་ཞིས་ཆི་དབྱང་། ཧ་སག་སི་ཐན་གྱི་སྲིད་འཛིན་ཐའོ་ཁ་ཡེ་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི། ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན། ཐ་ཇིག་སི་ཐན་གྱི་སྲིད་འཛིན་ལ་ཧི་མུན། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་མུས་འར་ཅི་ཡུའེ་ཡེ་ཧྥུའུ། མོང་གོལ་རྒྱལ་ཁབ་དང་། ཨ་ཟེར་བྷེ་ཇན། ཨར་མེ་ཉི་ཡ། ཨེ་ཅིབ། ལའོ་ཝུའོ། ཐུར་ཁེ། ཝེ་ཐེ་ནན། ཏོ་ཀི་སོགས་རྒྱལ་ཁབ་གཞན་དག་གི་འགོ་ཁྲིད་མི་སྣ་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་ཁུར་བ་གདན་ཞུ་ལྟར་ཞུགས།

ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་ནི་ཀྲ་ཕ་ལའོ་ཧྥུའུ་ཡིས་ཚོགས་ཞུགས་འཐུས་ཚབ་ཚོགས་པའི་ཚོགས་གཙོར་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་མ་ཟད་ཐུན་མོང་མཉམ་པར་ཡང་བསྐྱོན། 

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།