ཞི་ཅིན་ཕིང་པེ་ཅིང་དང་ཞལ་གྱེས་ཏེ་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ9པའི་ཚེས23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་བཏང་གནམ་གྲུར་བཞུགས་ཏེ་པེ་ཅིང་དང་ཞལ་གྱེས་ཏེ། ཨ་རིའི་སྲིད་འཛིན་ཐི་ལང་ཕུའུ་ཡི་གདན་ཞུས་ལྟར་ཨ་རིར་རྒྱལ་དོན་འཚམས་འདྲིར་ཕེབས།

ཞི་ཅིན་ཕིང་གི་འཚམས་འདྲིའི་ཕེབས་རོགས་ཀྱི་གྲས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལྕམ་མོ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་སོགས་ཡོད།